
人的一生要疯狂一次,无论是为一个人,一段情,一段旅途,或一个梦想。——屠呦呦
人物百科:
屠呦呦,女,药学家。1930年12月30日生于浙江宁波,1951年考入北京大学,在医学院药学系生药专业学习。1955年,毕业于北京医学院(今北京大学医学部)。毕业后曾接受中医培训两年半,并一直在中国中医研究院(2005年更名为中国中医科学院)工作,期间前后晋升为硕士生导师、博士生导师,现为中国中医科学院的首席科学家 。中国中医研究院终身研究员兼首席研究员,青蒿素研究开发中心主任,博士生导师、药学家,诺贝尔医学奖获得者。
屠呦呦多年从事中药和中西药结合研究,突出贡献是创制新型抗疟药青蒿素和双氢青蒿素。1972年成功提取到了一种分子式为C15H22O5的无色结晶体,命名为青蒿素。2011年9月,因为发现青蒿素——一种用于治疗疟疾的药物,挽救了全球特别是发展中国家的数百万人的生命获得拉斯克奖和葛兰素史克中国研发中心“生命科学杰出成就奖”。2015年10月,屠呦呦获得诺贝尔生理学或医学奖,理由是她发现了青蒿素,这种药品可以有效降低疟疾患者的死亡率。她成为首获科学类诺贝尔奖的中国人。
屠呦呦:中国第一个诺贝尔医学奖屠呦呦是第一位获得诺贝尔科学奖项的中国本土科学家、第一位获得诺贝尔生理医学奖的华人科学家。是中国医学界迄今为止获得的最高奖项,也是中医药成果获得的最高奖项。
མིའི་མི་ཚེའི་ནང་སྨྱོ་མཆོངས་ཐེངས་གཅིག་བྱེད་འོས་ཏེ། མི་ཞིག་དང་། བརྩེ་དུང་ཞིག། འགྲུལ་བཞུད་ཐེངས་གཅིག་ཡང་ན་ཕུགས་འདུན་ཞིག་བཅས་གང་རུང་གི་ཆེད་དུ་ཡིན་ཀྱང་ཆོག——དུའུ་ཡའུ་ཡའུ།
མི་སྣའི་ཤེས་བྱ་ཀུན་འདུས།
དུའུ་ཡའུ་ཡའུ། མོ། སྨན་རྫས་རིག་པ་མཁས་ཅན། སྤྱི་ལོ1930ལོའི་ཟླ་བ12ཚེས30ཉིན་ཀྲེ་ཅང་ཉིང་པོའོ་རུ་སྐུ་འཁྲུངས། སྤྱི་ལོ1951 ལོར་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་བྱུང་བ་དང་། གསོ་རིག་སློབ་གླིང་སྨན་རྫས་རིག་པའི་སྡེ་ཚན་གྱི་ཁྲོག་སྨན་ཆེད་ལས་སུ་སློབ་སྦྱོང་གནང་། སྤྱི་ལོ1955 ལོར། པེ་ཅིང་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན། (ད་ལྟའི་པེ་ཅིང་སློབ་ཆེན་གསོ་རིག་པུའུ།) སློབ་གྲྭ་ཐོན་རྗེས་ཀྲུང་ལུགས་གསོ་རིག་གི་གསོ་སྦྱོང་ལོ་གཉིས་དང་ཕྱེད་ཀ་ཙམ་དང་ལེན་བྱས་པ་མ་ཟད། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་(2005 ལོར་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་དུ་མིང་བསྒྱུར། ) དུ་ཕྱག་ལས་གནང་། དེའི་རིང་སྔ་ཕྱིར་རབ་འབྱམས་པའི་སློབ་དཔོན་དང་འབུམ་རམས་པའི་སློབ་དཔོན་གྱི་གོ་མིང་དུ་རིམ་འཕར་བྱུང་། ད་ལྟ་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་གྱི་ཐུགས་འགན་བཞེས་བཞིན་ཡོད། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གི་ཚེ་གང་ཞིབ་འཇུག་པ་དང་དབུ་བཞུགས་ཞིབ་འཇུག་པ་ཡིན་ཅིང་། ཆིང་ཀའོ་སུའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན། འབུམ་རམས་པའི་སློབ་དཔོན། སྨན་རྫས་རིག་པ་མཁས་ཅན་དང་། ནོར་པེལ་གསོ་རིག་བྱ་དགའ་ཐོབ་མཁན་བཅས་ཡིན།
དུའུ་ཡའུ་ཡའུ་ཡིས་ལོ་མང་རིང་ཀྲུང་ལུགས་སྨན་དང་ཀྲུང་ནུབ་སྨན་ཟུང་འབྲེལ་གྱིས་ཞིབ་འཇུག་གནང་ཡོད། ཁོང་གི་མཛད་རྗེས་གཟེངས་སུ་ཐོན་པ་ནི་རྣམ་པ་གསར་པའི་འདར་ནད་འགོག་པའི་སྨན་ཆིང་ཀའོ་སུའུ་དང་ཆིང་གཉིས་ཆིང་ཀའོ་སུའུ་གསར་བཟོ་གནང་བ་དེ་ཉིད་ཡིན། སྤྱི་ལོ1972 ལོརའདུས་རྡུལ་མཚོན་ཕྲེངC15H22O5ཡིན་པའི་མདོག་མེད་ཞུན་ཐིག་ཞིག་ལེགས་གྲུབ་ངང་བླངས་པའི་མིང་ལ་ཆིང་ཧའོ་སུའུ་ཞེས་བཏགས་ཡོད། སྤྱི་ལོ2011ལོའི་ཟླ9 པར། ཆིང་ཀའོ་སུའུ——འདར་གཟུགས་ནད་བཅོས་ཐུབ་པའི་སྨན་རྫས་ཤིག གསར་རྙེད་བྱུང་བའི་འབྲས་བུར་གོ་ལ་ཧྲིལ་པོ་དང་ལྷག་དོན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་ཁྲི་བརྒྱ་ཕྲག་མང་པོའི་སྲོག་བསྐྱབས་པས་རླ་སེ་ཁ་བྱ་དགའ་དང་ཀི་ལན་སུའུ་ཧྲི་ཁ་ཀྲུང་གོའི་ཞིབ་འཇུག་གསར་གཏོད་ལྟེ་གནས་ཀྱི“ཚེ་སྲོག་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ”ཐོབ་ཡོད། སྤྱི་ལོ2015 ལོའི་ཟླ10 པར། དུའུ་ཡའུ་ཡའུ་ལ་ནོར་པེལ་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་ཡོད། དེའི་རྒྱུ་མཚན་ནི་ཁོ་མོས་ཆིང་ཀའོ་སུའུ་གསར་དུ་ཤེས་རྟོགས་བྱུང་བ་དང་། སྨན་རྫས་དེས་ནུས་པ་ལྡན་པའི་སྒོ་ནས་འདར་ནད་ཕོག་པའི་ནད་པའི་ཤི་ཚད་ཇེ་དམར་གཏོང་ཐུབ་པས་རེད། ཁོང་ནི་ཚན་རིག་རིག་ཚན་གྱི་ནོར་པེལ་བྱ་དགའ་དང་པོ་ཐོབ་མཁན་གྱི་ཀྲུང་གོ་བར་གྱུར་ཡོད།
དུའུ་ཡའུ་ཡའུ། ཀྲུང་གོའི་ནོར་པེལ་གསོ་རིག་བྱ་དགའ་ཨང་དང་པོ། དུའུ་ཡའུ་ཡའུ་ནི་ནོར་པེལ་ཚན་རིག་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་ཀྲུང་གོ་བ་རང་སའི་མི་ཡིན། ནོར་པེལ་ལུས་ཁམས་ཀྱི་གསོ་རིག་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་ཚན་རིག་མཁས་ཅན་ཨང་དང་པོ་ཡིན། དེ་ནི་ཀྲུང་གོའི་གསོ་རིག་ལས་རིགས་ལ་ད་བར་ཐོབ་པའི་བྱ་དགའ་མཐོ་ཤོས་དེ་ཡིན་ལ་ཀྲུང་ལུགས་གསོ་རིག་སྨན་རྫས་གྲུབ་འབྲས་ལ་ཐོབ་པའི་བྱ་དགའ་ཆེ་ཤོས་དེ་ཡང་ཡིན།