
成功的奥秘在于多动手。——杨振宁
人物百科:
杨振宁,1922年10月1日出生于安徽合肥,清华大学教授、香港中文大学讲座教授,中国科学院外籍院士、美国国家科学院院士、台湾“中央研究院”院士、俄罗斯科学院院士、教廷宗座科学院院士、巴西科学院院士、委内瑞拉科学院院士、西班牙皇家科学院院士、英国皇家学会会员,1957年诺贝尔物理学奖获得者。
1942年,杨振宁毕业于国立西南联合大学;1944年,国立西南联合大学硕士研究生毕业;1945年,获庚子赔款奖学金,赴美留学;1948年,获芝加哥大学哲学博士学位,任芝加哥大学讲师、普林斯顿高等研究院研究员;1955年,任美国普林斯顿高等学术研究所教授;1966年,任美国纽约州立大学石溪分校教授兼物理研究所所长;1986年,任香港中文大学博文讲座教授;1998年,任清华大学教授。
杨振宁在粒子物理学、统计力学和凝聚态物理等领域长期进行了创造性研究,取得了许多杰出成就,作出了具有里程碑性的贡献。20世纪50年代和R.L.米尔斯合作提出非阿贝尔规范场理论;1956年和李政道合作提出弱相互作用中宇称不守恒定律;在粒子物理和统计物理方面做了大量开拓性工作,提出杨-巴克斯特方程,开辟了量子可积系统和多体问题研究的新方向等。
གྲུབ་འབྲས་ཐོབ་པའི་མན་ངག་ནི་ལག་འགུལ་རྒྱུ་དེ་ཡིན།——ཡང་ཀྲན་ཉིང་།
མི་སྣའི་ཤེས་བྱ་ཀུན་འདུས།
ཡང་ཀྲན་ཉིང་ནི1922ལོའི་ཟླ10ཚེས1ཉིན་ཨན་ཧུའེ་ཧོ་ཧྥེ་རུ་སྐུ་འཁྲུངས་པ་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། ཤང་ཀང་རྒྱ་ཡིག་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཆེན་མོ་བ། ཀྲུང་གོའི་ཚན་རྩལ་ཁང་གི་རྒྱལ་ཁོངས་གཞན་ནས་ཡིན་པའི་ཡོའན་ཧྲི། ཨ་རིའི་རྒྱལ་ཁབ་ཚན་རྩལ་ཁང་གི་ཡོན་ཧྲི། ཐའེ་ཝན“ཀྲུང་གོའི་ཞིབ་འཇུག་ཁང་”གི་ཡོའན་ཧྲི། ཨུ་རུ་སུའི་ཚན་རྩལ་ཁང་གི་ཡོན་ཧྲི། གནམ་བདག་ཆོས་ལུགས་ཀྱི་ཆོས་སྐྱོང་སྲིད་གཞུང་གི་ཚན་རྩལ་ཁང་གི་ཡོན་ཧྲི། པར་ཙིར་གྱི་ཚན་རྩལ་ཁང་གི་ཡོན་ཧྲི། ཝེ་ནེ་ཙུའེ་ལའི་ཚན་རྩལ་ཁང་གི་ཡོན་ཧྲི། སི་ཕེན་གོང་མ་ཚང་ཚན་རྩལ་ཁང་གི་ཡོན་ཧྲི། དབྱིན་ཇིའི་གོང་མ་ཚང་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ
1957ལོར་ནོ་པེལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མཁན་ཡང་ཡིན།
1942ལོར་ཡང་ཀྲན་ཉིང་རྒྱལ་གཉེར་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ལས་སློབ་ཐོན་བྱུང་། 1944ལོར་རྒྱལ་གཉེར་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ནས་ཞིབ་འཇུག་སློབ་མ་ཐོན། 1945ལྕགས་བྱི་ལོར་ཆིངས་དངུལ་བྱ་དགའ་ཐོབ་ནས་ཨ་རིར་སློབ་སྦྱོང་དུ་ཕེབས། 1948ལོར་ཀྲི་ཅ་ཀ་སློབ་གྲྭ་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་སྟེ་ཀྲེ་ཅ་ཀ་སློབ་ཆེན་གྱི་འཆད་འཁྲིད་དགེ་རྒན་དང་ཧྥུ་ལིན་སི་ཏུན་མཐོ་རིམ་ཞིབ་འཇུག་ཁང་གི་ཞིབ་འཇུག་པར་བསྐོ་གཞག་མཛད། 1955ལོར་ཧྥུ་ལིན་སི་ཏུན་མཐོ་རིམ་རིག་གཞུང་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོའི་འགན་བཞེས། 1966ལོར་ཨ་རིའི་ཉིའུ་ཡོག་ཀྲའུ་ལིད་སློབ་ཆེན་གྱི་ཧྲི་ཤིའི་ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་གནང་ཞོར་དུ་དངོས་ཁམས་ཞིབ་འཇུག་ཁང་གི་དབུ་འཛིན་གྱི་འགན་བཞེས། 1986ལོར་ཤང་ཀང་རྒྱ་ཡིག་སློབ་ཆེན་གྱི་གནའ་ཡིག་འཆད་འཁྲིད་དགེ་རྒན་ཆེན་མོའི་འགན་འཁུར། 1998ལོར་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་བཞེས་པ་བཅས་སོ།
ཡང་ཀྲན་ཉིང་གིས་གཞི་རྡུལ་དངོས་ཁམས་རིག་པ། སྡོམ་རྩིས་ཤུགས་རིག གོང་འགྲིལ་དངོས་ཁམས་སོགས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་རིང་པོར་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་གནང་བས་ཕུལ་བྱུང་གྲུབ་འབྲས་ཐོབ་ཅིང་། ལམ་ཚར་རྡོ་རིང་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་རེད། དུས་རབས་ཉི་ཤུའི་པའི་ལོ་རབས་ལྔ་བཅུ་པར
R.L.མི་འར་སེ་དང་མཉམ་ལས་ཐོག་ཨ་པེར་ཚར་ལྡན་མིན་པའི་ངོ་རྒོལ་གཞུང་ལུགས་བཏོན། 1956ལོར་ལིའི་ཀྲང་ཏའོ་དང་མཉམ་ལས་གནང་སྟེ་གཉོམ་ཆུང་བའི་ཕན་ཚུན་གྱི་ནུས་པའི་ཁྲོད་དོ་མཉམ་གཏན་གནས་མིན་པའི་ངེས་སྲོལ་བཏོན། གཞི་རྡུལ་དངོས་ཁམས་དང་སྡོམ་རྩིས་དངོས་ཁམས་ཐད་གསར་གཏོད་རང་བཞིན་གྱི་ཕྱག་ལས་མང་དག་གཅིག་གནང་བ་དང་། ཡང་-པ་ཁ་སི་ཐའི་མཉམ་བྱ་གསར་དུ་བཏོན་གནང་བ་མ་ཟད། ཚད་རྡུལ་སླར་གསོག་ཐུབ་མ་ལག་དང་གཞི་མང་གནད་དོན་ཞིབ་འཇུག་གི་ཁ་ཕྱོགས་གསར་པ་སོགས་གསར་དུ་གཏོད་ཡོད།