西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科技工作者 > 走进大师

袁隆平:作为一个科学家,不能迷信权威,迷信书本
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-05-17

  作为一个科学家,不能迷信权威,迷信书本,也不能因为取得一丁点的成绩就沾沾自喜,居功自傲。科学是没有止境的。只有敢于探索敢于创新,才能成果迭出,常创常新。——袁隆平

 

  人物百科:

 

  袁隆平,男,汉族,江西省九江市德安县人,1930年9月7日生于北京,现居湖南长沙。1953年8月参加工作,大学学历,无党派,研究员。中国杂交水稻育种专家,被称为中国的“杂交水稻之父”,中国工程院院士。

 

  2006年4月当选美国国家科学院外籍院士。 2010年荣获澳门科技大学荣誉博士学位。2011年获得马哈蒂尔科学奖。

 

  袁隆平是曾任政协十二届全国委员会常务委员,湖南省政协副主席,湖南省科协副主席。西南大学农学与生物科技学院名誉院长、湖南农业大学教授、中国农业大学客座教授、怀化职业技术学院名誉院长、湖南生物机电职业技术学院名誉院长、联合国粮农组织首席顾问、世界华人健康饮食协会荣誉主席,黑龙江延寿县经济发展顾问。

 

  2014年1月3日,袁隆平团队回应转基因水稻研究,尚未用于实践。挪威议员提名中国著名杂交水稻育种专家、印度遗传学家和巴基斯坦人权活动家角逐2014年度诺贝尔和平奖。


 ཚན་རིག་པ་ཞིག་ཡིན་པའི་ངོས་ནས་དབང་གྲགས་དང་སློབ་དེབ་ལ་རྨོངས་དད་བྱེད་མི་རུང་། གྲུབ་འབྲས་ཆུང་ཆུང་གཅིག་ཐོབ་པར་བློ་ཡིད་ཚིམ་ནས་སྡོད་པ་དང་བྱས་རྗེས་ཡོད་ཁུལ་གྱི་ཉམས་ཀྱང་སྟོན་མི་རུང་། ཚན་རིག་ནི་བར་མཚམས་ཆད་རྒྱུ་མེད་པ་ཞིག་ཡིན་པས། འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་ཚེ་གཞི་ནས་གྲུབ་འབྲས་ཐོན་པ་དང་རྒྱུན་དུ་གསར་གཏོད་བྱེད་ཐུབ།——ཡོན་ལུང་ཕིང་།

མི་སྣའི་ཤེས་བྱ་ཀུན་འདུས།

ཡོན་ལུང་ཕིང་། ཕོ། རྒྱ་རིགས། ཅང་ཤིའི་ཞིང་ཆེན་ཅུའུ་ཀྲའུ་གྲོང་ཁྱེར་ཏ་ཨན་རྫོང་གི་མི་ཡིན།  1930ལོའི་ཟླ9ཚེས7ཉིན་པེ་ཅིང་དུ་སྐུ་འཁྲུངས་ཤིང་ད་ལྟ་ཧུའུ་ནན་གྲང་ཧྲཱ་རུ་འཚོ་བཞུགས་གནང་བཞིན་ཡོད། 1953ལོའི་ཟླ་བ8པར་ལས་ཞུགས་གནང་བ་དང་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ཡིན་ཞིང་། ཏང་ཤོག་མེད་ལ་ཞིབ་འཇུག་པ་ཡིན། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་སོན་གསོའི་ཆེད་ལས་པ་ཡིན་པས་ཀྲུང་གོའི“རྒྱུད་འདྲེས་ཆུ་འབྲས་ཀྱི་མེས་པོར”བརྗོད། གཞན་ཡང་ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲིའང་ཡིན།

2006ལོའི་ཟླ4པར་ཨ་རིའི་རྒྱལ་ཁབ་ཚན་རྩལ་ཁང་གི་རྒྱལ་ཁོངས་གཞན་གྱི་ཡོའན་ཧྲིར་བདམས་ཐོན་བྱུང་།  2010ལོར་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་འབུམ་རམས་པའི་མཚན་གནས་ཐོབ།  2011ལོར་མ་ཧ་ཏི་ཨར་ཚན་རྩལ་བྱ་དགའ་ཐོབ།

ཡོན་ལུང་ཕིང་ནི་དེ་སྔ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཧུའུ་ནན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་ཐུགས་འགན་བཞེས་མྱོང་། ལྷོ་ནུབ་སློབ་ཆེན་གྱི་ཞིང་ལས་རིག་པ་དང་སྐྱེ་དངོས་ཚན་རྩལ་རིག་པ་སློབ་གླིང་གི་མཚན་འཛིན་གླིང་གཙོ། ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ། ཧུའེ་ཧོ་ལས་རིགས་ལག་རྩལ་སློབ་གླིང་གི་མཚན་འཛིན་གླིང་གཙོ། ཧུའུ་ནན་སྐྱེ་དངོས་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གི་མཚན་འཛིན་གླིང་གཙོ། མཉམ་འབྲེལ་རྒྱལ་ཁབ་འབྲུ་འདེབས་རྩ་འཛུགས་ཀྱི་དབུ་བཞུགས་བློ་འདོན་པ། འཛམ་གླིང་གི་ཀྲུང་གོ་བའི་ཟ་བཏུང་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། ཧེ་ལུང་ཅང་ཡན་ཧྲའུ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བློ་འདྲི་ཞུ་ཡུལ་བཅས་ཡིན།

2014ལོའི་ཟླ1ཚེས3ཉིན་ཡོན་ལུང་ཕིང་ཚོགས་པས་རྒྱུད་རྒྱུ་སྒྱུར་བའི་ཆུ་འབྲས་ཞིབ་འཇུག་བྱས་པ་ལས་དངོས་སུ་ལག་ལེན་བྱས་མེད་ཅེས་བརྗོད། ནོར་ཝེ་གྲོས་ཁང་གི་འཐུས་མིས་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་སོན་གསོའི་ཆེད་ལས་པ། རྒྱ་གར་གྱི་རྒྱུད་འཛིན་རིག་པ་དང་ཕ་ཁི་སི་ཐན་མིའི་ཐོབ་ཐང་གི་བྱ་འགུལ་པ་གསུམ་མིང་འདོན་གནང་བ་ལས་རྣམ་པར་རྒྱལ་ཏེ། 2014ལོའི་ལོ་འཁོར་གྱི་ནོར་པེལ་ཞི་བདེའི་བྱ་དགའ་ཐོབ་ཡོད།