西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科技工作者 > 走进大师

童秉纲:工程科学就是“从工程实践中来,再回到实践中去”
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-06-26

工程科学就是“从工程实践中来,再回到实践中去”。——童秉纲

 人物百科:

童秉纲,著名力学家、教育家,江苏省张家港市杨舍镇人。1950年毕业于南京大学工学院机械工程系。1953年,他于哈尔滨工业大学力学专业研究生毕业并留校任教,曾任讲师及理论力学教研室主任。1961年他调到中国科技大学工作。协助钱学森等著名科学家建设了中国科大流体力学的专业教学体系。童秉纲曾历任中国空气动力学会副会长、副理事长,原国家教委工程力学专业教材委员会委员、教学指导委员会委员和香港理工大学机械工程系顾问委员会委员等职。现担任几个国家重点实验室和中科院开放实验室的学术委员。1997年10月当选为中国科学院院士。作为我国第一批博士生导师,童秉纲迄今为止只培养了16位博士;他从教55年,历经生死逆境12年,学生们却很少知道他的这段经历;他在力学领域成就卓著,却像普通老师一样每天拿着公文包准时出现在实验室里。 


བཟོ་བསྐྲུན་ཚན་རིག་ནི“བཟོ་བསྐྲུན་གྱི་ལག་ལེན་ལས་ཐོན་ཏེ། སླར་ཡང་ལག་ལེན་ནང་ཕྱིར་ལོག་པ་དགོས་པ་ཞིག་རེད། ”

——དུང་པིང་ཀང་། 

མི་སྣའི་ཤེས་བྱ་ཀུན་འདུས། 

དུང་པིང་ཀང་།   གྲགས་ཅན་གྱི་འགུལ་ཤུགས་རིག་པ་བ་ཆེན་མོ་དང་སློབ་གསོ་མཁས་ཅན།   ཅང་སུའུ་ཞིང་ཆེན་ཀྲང་ཅཱ་སྒང་གྲོང་ཁྱེར་ཡང་ཧྲེ་གྲོང་བརྡལ་གྱི་མི་ཡིན།   སྤྱི་ལོ1950 ལོར་ནན་ཅིང་སློབ་ཆེན་གྱི་བཟོ་རིག་སློབ་གླིང་འཕྲུལ་ཆས་བཟོ་སྐྲུན་ཚན་ཁག་ནས་སློབ་མཐར་ཕྱིན།  སྤྱི་ལོ1953ལོར་ཁོང་ཧར་པིན་བཟོ་ལས་སློབ་ཆེན་འགུལ་ཤུགས་རིག་པའི་ཆེད་ལས་ནས་ཞིབ་འཇུག་སློབ་མ་ཐོན་པ་མ་ཟད། སློབ་གྲྭ་དེ་གར་སློབ་ཁྲིད་དགེ་རྒན་དུ་ཉར་བ་དང་། དེ་སྔ་འཆད་ཁྲིད་དགེ་རྒན་དང་འགུལ་ཤུགས་རིག་པའི་གཞུང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་བཅས་ཀྱི་ཐུགས་འགན་བཞེས་ཡོད།   སྤྱི་ལོ1961 ལོར་ཁོང་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་དུ་ལས་བསྒྱུར་གནང་ཡོད།  གྲགས་ཅན་ཚན་རིག་པ་ཆན་ཞུའེ་སེན་སོགས་ལ་གཞོགས་འདེགས་བྱས་ནས་ཀྲུང་གོ་ཚན་རིག་སློབ་ཆེན་དུ་རྒྱུག་གཟུགས་འགུལ་ཤུགས་རིག་པའི་ཆེད་ལས་སློབ་ཚན་གྱི་མ་ལག་འཛུགས་སྐྱོང་གནང་ཡོད།  ད་དུང་ཁོང་གིས་སྔ་རྗེས་སུ་ཀྲུང་གོའི་མཁའ་རླུང་འགུལ་ཤུགས་རིག་པའི་ཚོགས་གཙོ་གཞོན་པ་དང་།  ལས་འཛིན་འགོ་གཙོ་གཞོན་པ། དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་བཟོ་བཀོད་ཤུགས་དཔྱད་རིག་པའི་ཆེད་ལས་ཀྱི་བསླབ་གཞི་ཨུ་ལྷན་གྱི་ཨུ་ཡོན། སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཤང་ཀང་རང་བྱུང་རིག་པ་དང་བཟོ་ལས་སློབ་ཆེན་འཕྲུལ་ཆས་བཟོ་སྐྲུན་ཚན་ཁག་གི་བློ་འདྲིའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་ཐུགས་འགན་བཞེས།   ད་ལྟ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ཁ་ཤས་དང་ཀྲུང་གོ་ཚན་རིག་ཁང་སྒོ་འབྱེད་ཚོད་ལྟ་ཁང་གི་རིག་གཞུང་ཨུ་ཡོན་གྱི་འགན་བཞེས་མུས་ཡིན།1997 ལོའི་ཟླ10པར་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིར་བདམས་པ་རེད། རང་རྒྱལ་གྱི་འབུམ་རམས་པའི་མཛུབ་བསྟོན་དགེ་རྒན་ཁག་དང་པོ་ཡིན་པའི་ངོས་ནས། ཡིན་ནའང་། ཁོང་གིས་ད་བར་འབུམ་རམས་པ16 ལས་གསོ་སྐྱོང་བྱས་མེད།  ཁོང་གིས་དགེ་རྒན་གྱི་ཕྱག་ལས་ལོ55 གནང་ཞིང་།  ཤི་གསོན་བྱེ་མའི་ལ་ཁར་སླེབས་པ་དང་འདྲ་བའི་གནས་བབ་ལོ12 ཙམ་སྡུག་རུས་གནང་ཡོད།  ཡིན་ནའང་སློབ་མ་ཚོའི་ཁྲོད་ནས་ཁོང་གི་མི་ཚེའི་བརྒྱུད་རིམ་འདི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན། ཁོང་གིས་འགུལ་ཤུགས་རིག་པའི་ཁྱབ་ཁོངས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་བཞག་ཡོད་རུང་།  ཁོང་ནི་སྤྱིར་བཏང་དགེ་རྒན་ཞིག་དང་འདྲ་བར་ཉིན་ལྟར་གཞུང་ཡིག་ཁུག་མ་འཁྱེར་ནས་དུས་ཐོག་ཏུ་ཚོད་ལྟ་ཁང་ནས་མཐོང་ཐུབ།