
无目的读书是散步而不是学习。——胡适
人物百科:
胡适(1891.12.17-1962.2.24),原名嗣穈,学名洪骍,字希疆,笔名胡适,字适之。著名思想家、哲学家。徽州绩溪人,以倡导白话文、领导新文化运动闻名于世。
幼年就读于家乡私塾,19岁考取庚子赔款官费生,留学美国,师从哲学家约翰·杜威,1917年夏回国,受聘为北京大学教授。1918年加入《新青年》编辑部,大力提倡白话文,宣扬个性解放、思想自由,与陈独秀同为新文化运动的领袖。他的文章从创作理论的角度阐述新旧文学的区别,提倡新文学创作,翻译法国都德、莫泊桑、挪威易卜生的部分作品,又率先从事白话文学的创作。他于1917年发表的白话诗是现代文学史上的第一批新诗。胡适信奉实验主义哲学。“五四运动”后,同李大钊、陈独秀等接受马克思主义的知识分子分道扬镳,由“问题与主义之争”开其端,倡导改良,从此改变了他“20年不谈政治;20年不干政治”的态度。他于1920年代办《努力周报》,1930年代办《独立评论》,1940年代办“独立时论社”。1938~1942年出任国民政府驻美大使。1946~1948年任北京大学校长。1949年去美国。1952年返台湾任中央研究院院长。1962年在台北病逝。
胡适一生的学术活动主要在文学、哲学、史学、考据学、教育学、红学几个方面,主要著作有《中国哲学史大纲》(上)、《尝试集》、《白话文学史》(上)和《胡适文存》(四集)等。他在学术上影响最大的是提倡“大胆的假设、小心的求证”的治学方法。
དམིགས་ཡུལ་མེད་པའི་དཔེ་ཀློག་ནི་འཆམ་འཆམ་བྱེད་པ་ཙམ་ལས་སློབ་སྦྱོང་མིན།——ཧུའུ་ཧྲི །
མི་སྣའི་ཤེས་བྱ་ཀུན་འདུས།
ཧུའུ་ཧྲི་(1891.12.17-1962.2.24)མཚན་དངོས་ལ་སི་མའི་དང་སློབ་མིང་ཧུང་ཇིའི།དེ་བཞིན་མཚན་གཞན་ལ་ཤིའི་ཅང་དང་ཧྲེ་ཀྲི་སོགས་ཡོད་ལ་སྨྱུག་མིང་དུ་ཧུའུ་ཧྲིར་འབོད། གྲགས་ཅན་བསམ་བློ་བ་དང་མཚན་ཉིད་རིག་པ་བ་ཡིན། ཧུ་ཡི་ཀྲའུ་ཅིད་ཤིའི་མི་དང་ཕལ་སྐད་ཀྱི་རྩོམ་དར་སྤེལ་དང་རིག་གནས་གསར་པའི་ལས་འགུལ་གྱི་འགོ་ཁྲིད་གནང་བས་འཛམ་གླིང་ཐོག་གྲགས་པ་ཆེ།
སྐུ་ན་ཆུང་དུས་སུ་ཕ་ཡུལ་གྱི་སྒེར་གཉེར་སློབ་གྲྭར་སློབ་གཉེར་གནང་བ་དང་། དགུང་ལོ་19སྐབས་ལྕགས་བྱི་ལོའི་ཆིངས་དངུལ་གྱིས་གཞུང་གྲོན་བཏང་བའི་སློབ་མར་རྒྱུགས་འཕྲོད་དེ་ཨ་རིར་སློབ་སྦྱོང་དུ་ཕེབས་ཤིང་། མཚན་ཉིད་རིག་པ་བ་ཡོ་ཧན་ཏུའུ་ཝེ་སློབ་དཔོན་དུ་བརྟེན་ལ། 1917ལོའི་དབྱར་ཁར་རང་རྒྱལ་དུ་ཕེབས་ཏེ་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོར་གདན་ཞུ་གནང་། 1918ལོར་《ན་གཞོན་གསར་པའི་》རྩོམ་སྒྲིག་ཚན་པའི་ནང་ཞུགས་ནས་ཕལ་སྐད་རྩོམ་རིག་དར་སྤེལ་ཤུགས་ཆེན་དང་། རང་གཤིས་བཅིངས་འགྲོལ་དང་བསམ་བློ་རང་དབང་སྒྲོག་སྤེལ་གནང་བ་མ་ཟད། ཁོང་དང་ཁྲན་ཏུའུ་ཤིའུ་ནི་རིག་གནས་གསར་པའི་བྱ་འགུལ་གྱི་གཙོ་འཛིན་ཡིན། ཁོང་གི་བརྩམས་ཆོས་ཀྱིས་གཞུང་ལུགས་གསར་རྩོམ་གྱི་ཕྱོགས་ནས་རྩོམ་རིག་གསར་རྙིང་གཉིས་ཀྱི་ཁྱད་པར་ཞིབ་བརྗོད་བྱས་ཤིང་། རྩོམ་རིག་གསར་རྩོམ་དར་སྤེལ་དང་། ཧྥ་རན་སི་ཏུའུ་ཏེ་དང་མོ་པ་སངས། ནོ་ཝེ་དབྱི་ཕུ་ཧྲང་གི་བརྩམས་ཆོས་འགའ་ཤས་བསྒྱུར་བའི་ཐོག་ཕལ་སྐད་གསར་རྩོམ་ཀྱི་ལས་ཀའི་སྣེ་ཁྲིད་ཀྱང་མཛད། ཁོང་གིས་1917ལོར་སྤེལ་བའི་ཕལ་སྐད་ཀྱི་སྙན་རྩོམ་ནི་དེང་རབས་རྩོམ་རིག་ལོ་རྒྱུས་ཐོག་གི་སྙན་རྩོམ་གསར་པ་ཁག་དང་པོ་དེ་ཡིན། ཧུའུ་ཧྲི་ནི་ཚོད་ལྟ་རིང་ལུགས་ཀྱི་མཚན་ཉིད་རིག་པར ་དད་པོ་ཡོད། “ལྔ་བཞིའི་བྱ་འགུལ་”རྗེས་སུ་ལིའི་ཏ་ཀྲན་དང་ཁྲན་ཏུའུ་ཤིའུ་ལ་སོགས་པའི་མ་ཁེ་སི་རིང་ལུགས་དང་ལེན་གནང་མཁན་གྱི་ཤེས་ལྡན་པ་ཁག་དང་བསམ་བློ་ཐ་དད་དུ་གྱུར་ཞིང་། “གནད་དོན་དང་རིང་ལུགས་འཐབ་རྩོད་”ལས་འགོ་བཙུགས་ཏེ་ལེགས་བཅོས་གཏོང་བར་དར་སྤེལ་བཏང་བས། དུས་དེ་ནས་བཟུང་ཁོང་གིས་“ལོ་ངོ་ཉི་ཤུའི་རིང་ཆབ་སྲིད་ཀྱི་གཏམ་མི་གླེང་ལ། ལོ་ངོ་ཉི་ཤུའི་རིང་ཆབ་སྲིད་ཀྱི་བྱ་བ་ཡང་མི་བྱེད་”པའི་ལྟ་བར་འགྱུར་ལྡོག་བྱུང་། ཁོང་གིས་1920ལོར་《འབད་བརྩོན་ཆེ་བའི་གཟའ་འཁོར་རེའི་ཚགས་པར་》དང་། 1930ལོར་《རང་བཙན་གྱི་དཔྱད་གླེང་》1940ལོར་“རང་བཙན་སྐབས་ཀྱི་སྤྱི་ཚོགས་ལ་དཔྱད་པ་”བཅས་ཚབ་གཉེར་གནང་། 1938~1942རྒྱལ་དམངས་སྲིད་གཞུང་གི་ཨ་རིར་བཅའ་སྡོད་གཞུང་ཚབ་ཆེན་མོའི་འགན་བཞེས། 1946~1948པེ་ཅིང་སློབ་ཆེན་གྱི་སློབ་སྤྱིའི་འགན་བཞེས། 1949ལོར་ཨ་མེ་རི་ཁར་ཕེབས། 1952ལོར་ཐའེ་ཝན་དུ་ཕྱིར་ཕེབས་ཏེ་ཀྲུང་གོའི་ཞིབ་འཇུག་ཁང་གི་ཡོའན་ཀྲང་གི་འགན་བཞེས། 1962ལོར་ཐའི་པའི་རུ་སྐུ་ཚེ་རྫོགས།
ཧུའུ་ཧྲིའི་སྐུ་ཚེ་ཧྲིལ་པོའི་རིག་གཞུང་བྱ་འགུལ་ཉིད་རྩོམ་རིག་དང་། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ། དཔྱད་གཞིའི་རིག་པ། སློབ་གསོ་རིག་པ། ཐོག་ཁང་དམར་པོའི་རྨི་ལམ་ལ་ཞིབ་འཇུག་བྱེད་པའི་རིག་པ་བཅས་ལས་མངོན་པ་དང་། གསུང་རྩོམ་གཙོ་བོ་《ཀྲུང་གོའི་མཚན་ཉིད་རིག་པའི་ལོ་རྒྱུས་གནད་བསྡུས། 》(སྟོད་ཆ།)དང་《ཚོད་ལྟའི་དཔེ་ཚོགས།》《ཕལ་སྐད་ཀྱི་རྩོམ་རིག་ལོ་རྒྱུས།》(སྟོད་ཆ།)《ཧུའུ་ཧྲིའི་རྩོམ་ཡིག་ཉར་ཚགས།》(དཔེ་ཚོགས་ལེའུ་བཞི།)ལ་སོགས་ཡོད། ཁོང་གིས་རིག་གཞུང་ཐོག་ཤུགས་རྐྱེན་ཆེ་ཤོས་ཐེབས་པ་ནི་“བློ་ཁོག་ཆེན་པོས་ཚོད་དཔག་དང་གཟབ་ནན་གྱིས་ཁུངས་འཚོལ་བ་”ཞེས་པའི་སློབ་གཉེར་གྱི་ཐབས་ཤེས་དར་སྤེལ་གནང་བ་དེ་ཡིན།