
创新是科学研究的灵魂,勤奋乃事业成功之保证。——尹文英
人物百科:
尹文英(1922.10.18-),出生于河北平乡,昆虫学家、上海昆虫研究所研究员,九三学社第六、七、八、九届中央委员会委员。
1947年毕业于中央大学生物系,1956年加入九三学社,1991年当选为中国科学院院士。
尹文英早年从事鱼类寄生虫和鱼病防治的研究。1960年后系统地进行原尾虫的分类、形态、生态、胚后发育、生物地理、比较精子学和亚显微结构等研究,记述中国原尾虫164种,其中141新种,18新属和4新科,提出原尾虫系统发生新概念,并据此建立了原尾纲新的分类体系,1999年出版了《中国动物志:原尾纲》。1985年后,主持和推动土壤动物学的系统研究,联合60多位学者在6个气候带完成土壤动物组成(3千多种)、变动规律及其在土壤物质循环中的作用以及环境污染的影响等试验研究,其结果主编写成《中国亚热带土壤动物》、《中国土壤动物检索图鉴》和《中国土壤动物》等专著。
གསར་གཏོད་ནི་ཚན་རིག་ཞིབ་འཇུག་གི་རྣམ་ཤེས་དང་བརྩོན་འགྲུས་ནི་བྱ་གཞག་ལེགས་གྲུབ་ཡོང་བའི་འགན་ལེན་ཡིན།——དབྱི་ཝེན་དབྱིན།
མི་སྣའི་ཤེས་བྱ་ཀུན་འདུས།
དབྱི་ཝེན་དབྱིན་(1922.10.18)ཧོ་པེ་ཞིང་ཆེན་ཕིང་ཤང་དུ་སྐྱེས།ཁོང་ནི་སྲིན་འབུ་རིག་པའི་མཁས་དབང་དང་ཧྲང་ཧེའི་སྲིན་འབུ་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་མི་སྣ། དགུ་གསུམ་སློབ་ཚོགས་ཀྱི་སྐབས་དྲུག་པ་དང་བདུན་པ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་ཡོད།
1947ལོར་ཀྲུང་དབྱང་སློབ་ཆེན་སྐྱེ་དངོས་ཚན་ཁག་ནས་སློབ་མཐར་ཕྱིན། 1956ལོར་དགུ་གསུམ་སློབ་ཚོགས་ནང་ཞུགས། 1991ལོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིར་འདེམས་ཐོན་བྱུང་།
དབྱི་ཝེན་དབྱིན་གཞོན་དུས་ཉ་རིགས་ཀྱི་སྲིན་འབུའི་ནད་དང་ཉ་ནད་འགོག་བཅོས་ཀྱི་ཞིབ་འཇུག་ལས་ཀ་བྱས། 1960ལོར་མ་ལག་ཁུངས་ལྡན་གྱི་གདོད་མའི་འབུ་ཆུང་གི་རིགས་དང་། བཟོ་ལྟ། སྐྱེ་ཁམས། སྦྲུམ་རྗེས་ཀྱི་སྐྱེ་འཚར། སྐྱེ་དངོས་ས་ཁམས། ཁམས་དཀར་བསྡུར་བ་རིག་པ་དང་ཡ་ཕྲ་མཐོང་གྲུབ་ཚུལ་སོགས་ཞིབ་འཇུག་བྱས་པས། ཀྲུང་གོའི་གདོད་མའི་འབུ་ཆུང་རིགས་མི་འདྲ་བ164ལྷག་ཙམ་ཐོ་འགོད་བྱས་པའི་ནང་དུ་འབུ་རིགས་གསར་པ141ཡོད་རིགས་གསར་པ18དང་ཁོངས་གསར4ཙམ་ཡོད་ཅིང་། གདོད་མའི་འབུ་ཆུང་མ་ལག་ལ་གོ་དོན་གསར་པ་བྱུང་བའི་ལྟ་བ་བཏོན་པ་མ་ཟད་དེ་རྒྱུ་མཚན་དུ་བྱས་ནས་གདོད་མའི་འབུའི་སྐོར་གྱི་གཞུང་ལུགས་རིགས་དབྱེའི་མ་ལག་གསར་པ་ཞིག་བཙུགས་ཡོད་པ་རེད། 1999ལོར་《ཀྲུང་གོའི་སྲོག་ཆགས་ཀྱི་རྣམ་བཤད་ལས་གདོད་མའི་འབུའི་སྐོར》ཞེས་པ་དཔར་སྐྲུན་བྱས་ཡོད། སྤྱི་ལོ1985རྗེས་ས་རྒྱུའི་སྐྱེ་དངོས་རིག་པའི་རྒྱུད་ཁོངས་ཞིབ་འཇུག་ལ་གཙོ་སྐྱོང་དང་སྐུལ་འདེད་བཏང་ཡོད་ལ། མཁས་དབང60ལྷག་དང་མཉམ་འབྲེལ་བྱས་ནས་ནམ་ཟླའི་རྒྱུད་མི་འདྲ་བ་དྲུག་གི་སར་ས་རྒྱུའི་སྲོག་ཆགས་ཀྱི་མཉམ་གྲུབ་(རིགས3000)དང་འཕོ་འགྱུར་གྱི་ཆོས་ཉིད། ས་རྒྱུའི་དངོས་པོའི་འཁོར་རྒྱུག་ཁྲོད་ཀྱི་ནུས་པ། དེ་བཞིན་ཁོར་ཡུག་སྦགས་བཙོག་གི་ཤུགས་རྐྱེན་སོགས་ཀྱི་ཚོད་ལྟ་ཞིབ་འཇུག་གནང་ཞིང་། ཚོད་ལྟའི་གྲུབ་འབྲས་དེ་ཉིད་《ཀྲུང་གོའི་ཚ་ཁུལ་ཕལ་པའི་ས་རྒྱུའི་སྲོག་ཆགས་》དང་《ཀྲུང་གོའི་ས་རྒྱུའི་སྲོག་ཆགས་དཔྱད་འཚོལ་རི་མོ་གསལ་འགྲེལ་མེ་ལོང་》《ཀྲུང་གོའི་ས་རྒྱུའི་སྲོག་ཆགས་》སོགས་ཆེད་རྩོམ་ཁག་གཙོ་སྒྲིག་ལེགས་གྲུབ་མཛད་ཡོད།