
要出大的成绩,必须心无旁骛,全身心地投入到他所热爱的科学与技术领域。——王选
人物百科:
王选(1937.2.5-2006.2.13),江苏无锡人,出生于上海,计算机文字信息处理专家,当代中国印刷业革命的先行者,计算机汉字激光照排技术创始人,被称为“汉字激光照排系统之父”,被誉为“有市场眼光的科学家”。
1958年毕业于北京大学数学力学系,1984年晋升为教授,1991年当选为中国科学院院士,1994年当选为中国工程院院士,1995年加入九三学社, 2002年2月1日获得2001年度国家最高科学技术奖。
王选主要学术工作是从事计算机逻辑设计、体系结构和高级语言编译系统等方面的研究,主持华光和方正型计算机激光汉字编排系统的研制,用于书刊、报纸等正式出版物的编排。针对汉字字数多,印刷用汉字字体多、精密照排要求分辨率很高所带来的技术困难,发明了高分辨率字型的高倍率信息压缩和高速复原方法,并在华光Ⅳ型和方正91型、93型上设计了专用超大规模集成电路实现复原算法,显著改善系统的性能价格比。
གྲུབ་འབྲས་ཆེན་པོ་ཞིག་ཐོབ་དགོས་ན།བློ་གཅིག་སེམས་གཅིག་དང་ཁོ་བོས་དགའ་པོ་ཡོད་པའི་ཚན་རིག་དང་ ལག་རྩལ་ཁྱབ་ཁོངས་སུ་བློ་རྩེ་གཅིག་ཏུ་གཞོལ་དགོས།——ཝང་ཞོན།
མི་སྣའི་ཤེས་བྱ་ཀུན་འདུས།
ཝང་ཞོན་(1937.2.5-2006.2.13)ཅང་སུའུ་ཝུ་ཞི་མི་དང་ཧྲང་ཧེ་རུ་སྐུ་འཁྲུངས། རྩིས་འཁོར་ཡིག་ཐོག་ཆ་འཕྲིན་ཐག་གཅོད་པའི་ཆེད་ལས་མཁས་ཅན་དང་དེང་རབས་ཀྲུང་གོའི་དཔར་འདེབས་ལས་རིགས་གསར་བརྗེའི་སྔོན་བྱོན་པ། རྩིས་འཁོར་རྒྱ་ཡིག་སྐུལ་འོད་ཀྱི་པར་སྒྲིག་ལག་རྩལ་གཏོད་མཁན་ཡིན་པས“རྒྱ་ཡིག་སྐུལ་འོད་ཀྱི་པར་སྒྲིག་ལག་རྩལ་གྱི་མེས་པོར”འབོད་པ་དང“ཁྲོམ་རའི་མིག་རྒྱང་ཡོད་པའི་ཚན་རིག་པའི”མཚན་སྙན་ཡང་ཐོབ།
1958ལོར་པེ་ཅིང་སློབ་ཆེན་གྱི་རྩིས་རིག་ཤུགས་རིག་ཚན་ཁག་ནས་སློབ་ཐོན་བྱུང་བ་དང་།1984ལོར་དགེ་རྒན་ཆེན་མོའི་བའི་ལས་གནས་སུ་སྤར།1991ལོར་ཀྲུང་གོའི་ཚན་རྩལ་ཁང་གི་ཡོའན་ཧྲིར་འདེམས་ཐོན་བྱུང་བ།1994ལོར་ཀྲུང་གོའི་བཟོ་བཀོད་ཁང་གི་ཡོའན་ཧྲིར་བདམས་ཐོན་བྱུང་བ།1995ལོར་དགུ་གསུམ་སློབ་ཚོགས་ནང་ཞུགས།2002ལོའི་ཟླ2ཚེས1ཉིན200ལོ་འཁོར་མའི་རྒྱལ་ཁབ་ཀྱི་ཚན་རྩལ་ལག་རྩལ་མཐོ་ཤོས་ཀྱི་བྱ་དགའ་ཐོབ།
ཝང་ཡོན་གྱི་རིག་གཞུང་ཕྱག་ལས་གཙོ་བོ་ནི་རྩིས་འཁོར་གཏན་ཚིགས་འཆར་འགོད། མ་ལག་གྲུབ་ཆ་དང་མཐོ་རིམ་སྐད་ཡིག་སྒྲིག་སྒྱུར་མ་ལག་སོགས་ཀྱི་ཞིབ་འཇུག་གནང་། ཧྭ་ཀོང་དང་གྲུ་བཞི་རྣམ་པའི་རྩིས་འཁོར་སྐུལ་འོད་ཀྱིས་རྒྱ་ཡིག་སྒྲིག་པའི་མ་ལག་ཞིབ་འཇུག་དང་གསར་བཟོ་གནང་བ་དེ་དཔེ་ཆ་དང་དུས་དེབ། ཚགས་པར་སོགས་དངོས་སུ་དཔར་སྐྲུན་བྱེད་པའི་དངོས་པོའི་གོ་རིམ་སྒྲིག་པར་སྤྱོད། རྒྱ་ཡིག་ཡིག་གྲངས་མང་བ་དང་དཔར་སྐྲུན་བྱེད་པར་རྒྱ་ཡིག་ཡིག་གཟུགས་མང་དག་སྤྱོད་པ། པར་སྒྲིག་ཞིབ་ཚགས་བྱེད་པར་དབྱེ་འབྱེད་བྱེད་ཚད་མཐོ་པོ་དགོས་པའི་རེ་བ་ལས་བྱུང་བའི་ལག་རྩལ་གྱི་དཀའ་ཁག་བཅས་ལ་དམིགས་ཏེ། ཡི་གེའི་རྣམ་པ་དབྱེ་འབྱེད་བྱེད་ཚད་ལྡབ་ཀྱིས་མཐོ་བའི་ཆ་འཕྲིན་གནོན་བཙིར་དང་མྱུར་དུ་སྔོན་འགྱུར་བྱེད་ཐབས་གསར་དུ་གཏོད་པའིི་ཐོག་ཧྭ་ཀོངⅣརྣམ་པ་དང་གྲུ་བཞི91རྣམ་པ། 93རྣམ་པ་བཅས་ལ་ཆེད་སྤྱོད་ཕྱོགས་བསྡུས་གློག་ལམ་ཆེ་རིགས་འཆར་འགོད་བྱས་པར་བསྐྱར་རྩིས་ཐབས་མངོན་འགྱུར་བྱུང་བས། མ་ལག་གི་ནུས་ཚད་རིན་ཐང་གི་བསྡུར་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན།