西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科技工作者 > 走进大师

童第周:一分时间,一分成果。对科学工作者来说,就不是一天八小时,而是寸阴必珍,寸阳必争!
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-06-26

 

 

    一分时间,一分成果。对科学工作者来说,就不是一天八小时,而是寸阴必珍,寸阳必争!——童第周

 

  人物百科:

 

  童第周(1902.5.28-1979.3.30),浙江鄞县(今宁波市鄞州区)人,生物学家、教育家、社会活动家,中国实验胚胎学的主要创始人,中国海洋科学研究的奠基人,生物科学研究的杰出领导者,开创了中国“克隆”技术之先河,被誉为“中国克隆之父”。

 

  1927年,童第周毕业于复旦大学,后在南京中央大学生物系任教;1934年起,在山东大学、中央大学、同济大学和复旦大学等任教;1948年,当选为中央研究院院士;1951年,任山东大学副校长;1955年,当选为中国科学院学部委员(院士);1957年,任中国科学院海洋生物研究所所长;1978年,任中国科学院副院长。

 

  童第周通过对两栖类和鱼类的研究,揭示了胚胎发育的极性现象;通过研究文昌鱼的个体发育和分类地位,在对核质关系的研究中取得重大成果;1963年首次完成鱼类的核移植研究,为20世纪70、80年代国内完成鱼类异种间克隆和成年鲫鱼体细胞克隆打下基础。


དུས་ཚོད་སྐར་མ་གཅིག་ལ་གྲུབ་འབྲས་སྐར་མ་གཅིག ཚན་རིག་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན་ཉིན་གཅིག་ལ་ཆུ་ཚོད་བརྒྱད་ཀྱི་ལས་ཀ་ཙམ་མིན་པར་དུས་ཚོད་སོར་ཙམ་ལའང་དམ་འཛིན་དང་བརྩོན་ལེན་བྱེད་དགོས་པ་དེ་ཡིན།——དུང་ཏིས་ཀྲའུ།

མི་སྣའི་ཤེས་བྱ་ཀུན་འདུས།

དུང་ཏིས་ཀྲའུ། (1902.5.28-1979.3.30)ཀྲེ་ཅང་དབྱིན་རྫོང་( དེང་གི་ཉིང་པོ་གྲོང་ཁྱེར་དབྱིན་ཀྲའུ་ཁུལ་དུ་ཡིན)གི་མི་ཡིན་པ་དང་། སྐྱེ་དངོས་རིག་པ་བ་དང་སློབ་གསོ་མཁས་ཅན། སྤྱི་ཚོགས་ཀྱི་བྱེད་སྒོ་པ། ཀྲུང་གོའི་ཚོད་ལྟའི་སྦྲུམ་རྟེན་རིག་པ་སྲོལ་འབྱེད་མཁན། ཀྲུང་གོའི་རྒྱ་མཚོའི་ཚན་རིག་ཞིབ་འཇུག་གི་རྨང་གཞི་འདིང་མཁན། སྐྱེ་དངོས་ཚན་རྩལ་ཞིབ་འཇུག་གི་ཕུལ་བྱུང་འགོ་ཁྲིད་བཅས་ཡིན་པ་མ་ཟད། ཀྲུང་གོའི“འདྲ་བསྐྱེད”ལག་རྩལ་འདི་ཉིད་ཐོག་མར་དར་སྤེལ་བཏང་བས“ཀྲུང་གོའི་འདྲ་བསྐྱེད་གཏོད་མཁན་གྱི་མེས་པོར”འབོད།

1927ལོར་དུང་ཏིས་ཀྲའུ་ཧྥུ་ཏན་སློབ་ཆེན་ནས་སློབ་ཐོན་བྱུང་རྗེས་ནན་ཅིན་ཀྲུང་དབྱང་སློབ་ཆེན་གྱི་སྐྱེ་དངོས་ཚན་ཁག་ཏུ་དགེ་རྒན་གནང་། 1934ལོ་ནས་བཟུང་ཧྲན་ཏུང་སློབ་ཆེན་དང་ཀྲུང་དབྱང་སློབ་ཆེན། དུང་ཅིས་སློབ་ཆེན། ཧྥུ་ཏན་སློབ་ཆེན་ལ་སོགས་པར་སློབ་ཁྲིད་ཀྱི་བྱ་བར་བཞུགས། 1948ལོར་ཀྲུང་དབྱང་ཞིབ་འཇུག་ཁང་གི་ཡོའན་ཧྲིར་བདམས་ཐོན་བྱུང་། 1951ལོར་ཧྲན་ཏུང་སློབ་ཆེན་གྱི་སློབ་སྤྱི་གཞོན་པའི་འགན་བཞེས། 1955ལོར་ཀྲུང་གོའི་ཚན་རྩལ་ཁང་གི་རིག་གནས་ཚན་ཁག་གི་ཨུ་ཡོན(ཡོན་ཧྲི)བདམས་ཐོན་བྱུང་། 1957ལོར་ཀྲུང་གོའི་ཚན་རྩལ་ཁང་རྒྱ་མཚོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་དབུ་འཛིན་གྱི་འགན་བཞེས། 1978ལོར་ཀྲུང་གོའི་ཚན་རྩལ་ཁང་གི་ཡོན་ཀྲང་གཞོན་པའི་འགན་བཞེས།

དུང་ཏིས་ཀྲའུ་ཡིས་གཉིས་སྡོད་སྲོག་ཆགས་དང་ཉའི་རིགས་ལ་ཞིབ་འཇུག་གནང་ནས་སྦྲུམ་རྟེན་འཚར་ལོངས་ཀྱི་སྣེ་གཤིས་སྣང་ཚུལ་གསལ་སྟོན་གནང་། ཉ་ཝན་ཁྲང་གི་ཁེར་རྐྱང་གི་འཚར་ལོངས་དང་རིགས་དབྱེའི་གོ་གནས་ཞིབ་འཇུག་བྱས་པ་བརྒྱུད་ཉིང་རྫས་འབྲེལ་བའི་ཞིབ་འཇུག་ཁྲོད་གྲུབ་འབྲས་ཆེན་པོ་ཐོབ། 1963ལོར་ཉའི་རིགས་ཀྱི་ཕྲ་ཕུང་ལྟེ་བ་སྤོས་འཛུགས་ཞིབ་འཇུག་ཐོག་མར་ལེགས་གྲུབ་བྱུང་བས། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་ཉའི་རིགས་མི་འདྲ་བའི་བར་འདྲ་བསྐྱེད་བཟོ་བ་དང་ནར་སོན་ཅིས་ཉའི་གཟུགས་པོའི་ཕྲ་ཕུང་འདྲ་བསྐྱེད་ལ་རྨང་གཞི་བཏིང་ཡོད།