
人生是短暂的,所做的事是有限的。要做到事半功倍,就要善于结合。——齐康
人物百科:
齐康(1931年10月28日- ),男,浙江天台人,生于江苏南京。建筑学家、建筑教育家。
齐康1949年7月毕业于南京金陵中学,1952年毕业于南京大学工学院建筑系。院系调整后历任南京工学院(后改名东南大学)讲师、副教授、教授、副院长。现为东南大学建筑研究所所长、教授,法国建筑科学院外籍院士,大连理工大学建筑系名誉系主任。兼任华南理工大学、南京工程学院、江南大学等校名誉教授等职。
齐康1993年被选为中国科学院院士、1995年起担任中国国务院学位委员会委员职务、1997年被选为法国建筑科学院外籍院士。2001年以最高票数获选首届中国建筑界的最高奖“梁思成建筑奖”。
མི་ཚེ་ནི་ཡུན་ཐུང་ཞིག་ཡིན་ལ་བསྒྲུབ་བྱའི་ལས་ལ་ཚད་ཡོད། དེ་ལ་ལས་ཆུང་ཕན་ཆེའི་ནུས་པ་ཞིག་ཐོན་འདོད་ན་བྱ་དངོས་ལ་ཟུང་འབྲེལ་མཁས་པ་ཞིག་དགོས།——ཇི་ཁང་།
མི་སྣའི་ཤེས་བྱ་ཀུན་འདུས།
ཇི་ཁང་(1931ལོའི་ཟླ་བ10པའི་ཚེས28)ཕོ། ཀྲེ་ཅང་ཐེན་ཐའེ་མི་ཡིན་ཞིང་། ཅང་སུའུ་ནན་ཅིང་དུ་སྐྱེས། འཛུགས་སྐྲུན་མཁས་ཅན་དང་འཛུགས་སྐྲུན་སློབ་གསོ་བ་ཞིག་ཡིན།
ཇི་ཁང་། 1949ལོའི་ཟླ་བ7པར་ནན་ཅིང་ཅིང་ལིན་སློབ་འབྲིང་ནས་སློབ་མཐར་ཕྱིན། 1952ལོར་ནན་ཅིང་སློབ་ཆེན་བཟོ་རིག་སློབ་གླིང་འཛུགས་སྐྲུན་ཚན་ཁག་ནས་སློབ་མཐར་ཕྱིན་ཞིང་། ཚན་ཁག་ལེགས་སྒྲིག་བྱས་རྗེས་ནན་ཅིང་བཟོ་རིག་སློབ་གླིང་(ཕྱིས་སུ་ཤར་ལྷོ་སློབ་ཆེན་དུ་མིང་བསྒྱུར་)གི་འཆད་ཁྲིད་དགེ་རྒན་དང་དགེ་རྒན་ཆེན་མོ་བ་གཞོན་པ་དང་། དགེ་རྒན་ཆེན་མོ་བ། ཡོན་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར་གནང་ཡོད། ད་ལྟ་ཤར་ལྷོ་སློབ་ཆེན་བཟོ་སྐྲུན་ཞིབ་འཇུག་ཁང་གི་འགོ་འཛིན་དང་དགེ་རྒན་ཆེན་མོ་བ། ཧྥ་རེན་སེ་བཟོ་སྐྲུན་ཚན་རིག་ཁང་གི་རྒྱལ་ཁོངས་གཞན་གྱི་ཡོན་ཧྲི། ཏ་ལན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བཟོ་སྐྲུན་ཚན་ཁག་མཚན་འཛིན་ཀྲུའུ་རེན་གྱི་ལས་འགན་བཞེས་ཡོད་པ་མ་ཟད་ཧོའོ་ནན་བཟོ་རིག་སློབ་ཆེན་དང་། ནན་ཅིང་ལས་གྲྭའི་སློབ་གླིང་། ཅང་ནན་སློབ་ཆེན་བཅས་ཀྱི་མཚན་འཛིན་དགེ་རྒན་ཆེ་མོ་བའི་ལས་འགན་བཞེས་ཡོད།
ཇི་ཁང་། 1993ལོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་རུ་འདེམས་ཐོན་བྱུང་། 1995ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤེས་ཡོན་མིང་བཏགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་འགན་བཞེས། 1997ལོར་ཧྥ་རེན་སེ་བཟོ་སྐྲུན་ཚན་རིག་ཁང་གི་རྒྱལ་ཁོངས་གཞན་གྱི་ཡོན་ཧྲིར་འདེམས་ཐོན་བྱུང་། 2001ལོར་འདེམས་ཤོག་མཐོ་པོས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་སྐབས་དང་པོའི་བྱ་དགའ་མཐོ་ཤོས"ལེང་སི་ཁྲེང་གི་བཟོ་སྐྲུན་བྱ་དགའ"ཞེས་པ་དེ་ཐོབ་པ་རེད།