科学的目标是在求真理。真理所在,虽蹈危履险以赴之,亦所不释。——竺可桢
人物百科:
竺可桢(1890.3.7-1974.2.7),字藕舫,浙江省绍兴县东关镇人(现浙江省绍兴市上虞区)。中国科学院院士,中国共产党党员,中国近代气象学家、地理学家、教育家。中国近代地理学和气象学的奠基者。
1909年,竺可桢考入唐山路矿学堂(今西南交通大学)学习土木工程,1910年,竺可桢公费留美学习,1918年获得哈佛大学博士学位。1920年秋应聘南京高等师范学校。1934年竺可桢与翁文灏、张其昀共同成立中国地理学会。1936年4月,他担任浙江大学校长,历时13年。
中华人民共和国成立后,曾先后担任中国科学技术协会副主席,中国气象学会理事长、名誉理事长,中国地理学会理事长等职。他对中国气候的形成、特点、区划及变迁等,对地理学和自然科学史都有深刻的研究。竺可桢是中国物候学的创始人。
ཚན་རིག་གི་དམིགས་ཡུལ་ནི་བདེན་དོན་འཚོལ་རྒྱུ་དེ་ཡིན་པས། བདེན་དོན་ཡོད་སར་ཉེན་ཁ་གྲངས་ལས་འདས་པ་ཞིག་བརྒྱུད་དགོས་བྱུང་རུང་། མདུན་སྐྱོད་ཀྱི་གོམ་མཚམས་འཇོག་མི་རུང་། ——ཀྲུའུ་ཁ་ཀྲེན་ནས།
མི་སྣའི་ཤེས་བྱ་ཀུན་འདུས།
ཀྲུའུ་ཁ་ཀྲེན་(1890.3.7-1974.2.7)ཟུར་མིང་ལ་ཨའུ་བང་དུ་འབོད་ཅིང་། ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་རྫོང་ཏུན་ཀོན་གྲོང་རྡལ་གྱི་མི་ཡིན།(ད་ལྟའི་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་གྲོང་ཁྱེར་ཧྲང་ཡུལ་ཁུལ་དུ་ཡིན།)ཀྲུང་གོའི་ཚན་རྩལ་ཁང་གི་ཡོན་ཧྲི་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན། ཀྲུང་གོའི་ཉེ་རབས་གནམ་དཔྱད་རིག་པ་བ་དང་ས་ཁམས་རིག་པ་བ། སློབ་གསོ་མཁས་ཅན་བཅས་ཡིན། ཀྲུང་གོའི་ཉེ་རབས་ས་ཁམས་རིག་པ་དང་གནམ་དཔྱད་རིག་པའི་རྨང་གཞི་འདིང་མཁན་ཡིན།
1909ལོར་ཀྲུའུ་ཁ་ཀྲེན་ཐང་ཧྲན་ལམ་གཏེར་སློབ་གྲྭར་རྒྱུགས་འཕྲོད་(དེང་གི་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་)ནས་ཨར་ལས་བཟོ་སྐྲུན་སྦྱངས། 1910ལོར་ཁོང་ནི་གཞུང་གིས་སློབ་ཡོན་བཏང་ནས་ཨ་རིར་སློབ་གཉེར་གནང་བར་ཕེབས་ཤིང་། 1918ལོར་ཧ་ཧྥོ་སློབ་ཆེན་ནས་འབུམ་རམས་པའི་སློབ་གནས་ཐོབ། 1920ལོའི་སྟོན་ཀར་ནན་ཅིན་མཐོ་རིམ་དགེ་འོས་སློབ་གླིང་དུ་དགེ་རྒན་གནང་བར་གདན་ཞུ་བྱས། 1934ལོར་ཁོང་དང་ཝང་ཝན་ཧའོ། ཀྲང་ཆིའི་ཡུན་ལྷན་དུ་ཀྲུང་གོའི་ས་ཁམས་སློབ་ཚོགས་དབུ་བརྙེས་པ་རེད། 1936ལོའི་ཟླ་4པ་ནས་བཟུང་ལོ་བཅུ་གསུམ་རིང་ཁོང་གིས་ཀྲེ་ཅང་སློབ་ཆེན་གྱི་སློབ་སྤྱིའི་འགན་བཞེས་གནང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན། སྔ་རྗེས་སུ་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་གནམ་གཤིས་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ། མཚན་འཛིན་འགོ་གཙོ། ཀྲུང་གོའི་ས་ཁམས་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་བཅས་ལས་གནས་ཀྱི་འགན་བཞེས། ཁོང་གིས་ཀྲུང་གོའི་གནམ་གཤིས་ཀྱི་གྲུབ་ཚུལ། ཁྱད་ཆོས། ས་ཁུལ་དབྱེ་འབྱེད་དང་འཕོ་འགྱུར་ལ་སོགས་པའི་ས་ཁམས་རིག་པ་དང་རང་བྱུང་ཚན་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད། ཀྲུའུ་ཁ་ཀྲེན་ནི་ཀྲུང་གོའི་སྐྱེ་དངོས་དུས་རྟགས་རིག་པའི་སྲོལ་འབྱེད་མཁན་ཡང་ཡིན།