西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科技工作者 > 名言警句

兰玉彬
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-06-07

精准农业航空是我们共同的事业,某个个人或团队再强大,对于提升整个行业的作用也非常有限,但是通过大家的努力与合作,中国很快就能跻身世界农业航空大舞台。——兰玉彬

人物百科:

美国农业部高级农业工程师,美国德州A&M大学生物和农业工程系兼职教授、博士生导师。主要从事农业工程领域的研究工作,特别在航空施药技术、遥感技术,精准农业,谷物收获机械,粮食加工与储藏,仪器和传感器技术开发与研究等方面拥有很深的造诣,曾先后主持过多个美国国家农业部重大科研项目,其中生物传感器项目被列为美国农业部国家重点项目,自89年留美后,已发表各种论文200多篇,其中在学报上发表文章80多篇,在国际学术会议论文集上发表论文130余篇,著有8本专著或章节。作为美国的农业工程技术专家,兰玉彬博士积极参与与推进祖国的科技发展工作,先后与吉林省农科院、浙江大学、农业部南京农业机械化研究院,吉林大学,吉林农业大学,中国农业大学,中国农机科学研究院,上海交通大学,中科院遥感所,中国农业信息工程中心等大学与科研单位进行学术交流与科研合作。长春市人民政府科技顾问,吉林省和长春市海外协会理事,国家863计划项目 (农业工程) 顾问,应邀参加了“第五届世界华人论坛”并接受了国家领导人的接见,应邀参加了中美关系建交30周年论坛会和应中国驻休斯顿总领馆的邀请,发表了关于中美农业工程交往和发展历程的文章。


མཁའ་ཐོན་ཞིང་ལས་འདེབས་གསོ་གནད་འཕིགས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་ལས་དོན་ཡིན་པས། མི་སྒེར་རམ་ཚོགས་པ་ག་གེ་མོ་ཞིག་གི་སྟོབས་ཤུགས་ཇི་ལྟར་ཆེ་ནའང་ལས་རིགས་ཧྲིལ་པོ་ཡར་འདེགས་གཏོང་བའི་ནུས་པར་ཡང་ཚད་བཀག་ཆེ་རུང་། ཚང་མས་འབད་བརྩོན་དང་མཉམ་ལས་བྱས་པ་བརྒྱུད། ཀྲུང་གོ་འདི་ཉིད་འཛམ་གླིང་གི་མཁའ་ཐོན་ཞིང་ལས་འདེབས་གསོའི་གར་སྟེགས་ཐོག་མྱུར་བར་འཛེག་ཐུབ། ——ལན་ཡུད་པིན་ནས། 

མི་སྣའི་ཤེས་བྱ་ཀུན་འདུས།

ཨ་རིའི་ཞིང་ལས་པུའུ་ཡི་མཐོ་རིམ་ཞིང་ལས་བཟོ་བཀོད་པ་དང་། ཨ་རིའི་ཏ་ཀྲའུ་A&Mསློབ་ཆེན་གྱི་སྐྱེ་དངོས་དང་ཞིང་ལས་བཟོ་བཀོད་ཚན་པའི་ལས་ཞོར་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། གཙོ་བོ་ཞིང་ལས་བཟོ་བཀོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལས་དོན་གཉེར་ཞིང་ཡོད། ལྷག་པར་དུ་མཁའ་ཐོག་ནས་ཞིང་སྨན་གཏོར་བ་དང་། རྒྱང་ཚོར་ལག་རྩལ། ཞིང་ལས་གནད་འཕིགས། ལོ་ཏོག་བརྔ་བསྡུའི་འཕྲུལ་འཁོར། འབྲུ་རིགས་ལས་སྣོན་དང་ཉར་ཚགས། དཔྱད་ཆས་དང་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ལག་རྩལ་གསར་སྤེལ་དང་ཞིབ་འཇུག་ལ་སོགས་པའི་ཐད་ཀྱི་ཆུ་ཚད་མཐོ་པོ་ཡོད་ཅིང་། སྔ་རྗེས་སུ་ཨ་རིའི་རྒྱལ་ཁབ་ཞིང་ལས་པུའུ་ཡི་གལ་ཆེའི་ཞིབ་འཇུག་རྣམ་གྲངས་མང་དག་ཅིག་གཙོ་གཉེར་གནང་ཡོད། དེའི་ནང་ནས་ཀྱང་སྐྱེ་དངོས་ཀྱི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ནི་ཨ་རིའི་ཞིང་ལས་པུའུ་ཡི་རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་ནང་ཚུད་ཡོད། 89ལོར་ཨ་རིར་བཞུགས་པའི་རྗེས་དཔྱད་རྩོམ་རིགས་200ལྷག་ཙམ་སྤེལ་ཞིང་། དེའི་ནང་ནས་རིག་གཞུང་དུས་དེབ་ཐོག་ཏུ་རྩོམ་ཡིག་80ལྷག་དང་། རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་གི་དཔྱད་རྩོམ་ཕྱོགས་བསྡུས་ཐོག་130ལྷག་ཙམ་སྤེལ་གནང་ཞིང་། ཆེད་རྩོམ་ཡང་ན་བརྩམས་ཆོས་ལེའུ་ཁག་8ཙམ་བརྩམས་གནང་། ཨ་རིའི་ཞིང་ལས་བཟོ་བཀོད་པུའུ་ཡི་ལག་རྩལ་ཆེད་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས། འབུམ་རམས་པ་ལན་ཡུད་པིན་མཆོག་གིས་མེས་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་བའི་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས། སྔ་རྗེས་སུ་ཅི་ལིན་ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་དང་། ཀྲེ་ཅང་སློབ་ཆེན། ཞིང་ལས་པུའུ་ནན་ཅིང་ཞིང་ལས་འཕྲུལ་ཆས་ཅན་ཞིབ་འཇུག་གླིང་། ཅི་ལིན་སློབ་ཆེན། ཅི་ལིན་ཞིང་ལས་སློབ་ཆེན། ཀྲུང་གོ་ཞིང་ལས་སློབ་ཆེན། ཀྲུང་གོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚན་རིག་ཞིབ་འཇུག་གླིང་། ཧྲང་ཧེའི་འགྲིམ་འགྲུལ་སློབ་ཆེན། ཀྲུང་གོའི་ཚན་རྩལ་གླིང་གི་རྒྱང་ཚོར་ཁང་། ཀྲུང་གོའི་ཞིང་ལས་ཆ་འཕྲིན་ལས་གྲྭ་ལྟེ་གནས་ལ་སོགས་པའི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ཚན་པ་དང་རིག་གཞུང་བགྲོ་གླེང་དང་ཚན་རིག་ཞིབ་འཇུག་ལས་དོན་མཉམ་ལས་གནང་བ་རེད། གྲང་ཁྲུན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཚན་རྩལ་བློ་འདྲི་བྱ་ཡུལ་དང་། ཅི་ལིན་ཞིང་ཆེན་དང་གྲང་ཁྲུན་གྲོང་ཁྱེར་གྱི་ཕྱི་འབྲེལ་མཐུན་ཚོགས་ཀྱི་ལས་འཛིན་པ། རྒྱལ་ཁབ་ཀྱི་ཇུས་འགོད་རྣམ་གྲངས་863(ཞིང་ལས་བཟོ་བཀོད་)བློ་འདྲི་བྱ་ཡུལ་བཅས་ཡིན་ཞིང་། གདན་ཞུས་ལྟར་“འཛམ་གླིང་ཕྱི་སྡོད་ཀྲུང་གོ་བའི་གླེང་སྟེགས་སྐབས་ལྔ་པར་”ཞུགས་པ་མ་ཟད་རྒྱལ་ཁབ་གི་དབུ་ཁྲིད་དང་མཇལ་འཕྲད་གནང་བ་རེད། ཀྲུང་གོ་དང་ཨ་རི་གཉིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་བགྲོ་གླེང་ཚོགས་འདུ་དང་ཀྲུང་གོར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་པ་ཤིའུ་སི་ཏུན་གྱིས་གདན་ཞུས་ལྟར་དེར་ཞུགས་པ་མ་ཟད།  ཀྲུང་གོ་དང་ཨ་རིའི་ཞིང་ལས་ལས་གྲྭའི་འབྲེལ་འདྲིས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་དང་འབྲེལ་བའི་བརྩམས་ཆོས་སྤེལ་གནང་བ་རེད།