西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

颜士华
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-06-25

 长期从事农作物育种、栽培、示范、推广工作。先后完成新品种与新技术试验、示范与推广面积2049万亩,创经济效益309024万元。举办各类技术培训班百余次,培训人员达2万多人次。

她把青春年华献给了西藏农业。一次次地为农民讲解技术要点,手把手地教农民栽培技术,引导农民写学科学、用科学,让农民尝到了科学种田的甜头。群众亲切地称她为“生活中的好大姐,科技推广的好老师”。

发表论文70余篇,先后获国家、自治区科技进步奖、成果奖30余项。2008年被授予“全国优秀科技工作者”荣誉称号。


  དུས་ཡུན་རིང་པོའི་ནང་། ལོ་ཏོག་གི་ས་བོན་འདེབས་གསོ་དང་འདེབས་སྐྱོང་། དཔེ་སྟོན་ལ་སོགས་པའི་ཁྱབ་སྤེལ་ལས་དོན་ནང་བཞུགས་ཡོད་ཅིང་། སྔ་རྗེས་སུ་ས་བོན་གསར་པ་དང་ལག་རྩལ་གསར་པའི་ཚོད་ལྟ་ལེགས་གྲུབ་བྱས་ཅིང་། ལོ་ཏོག་རྒྱ་ཁྱོན་མུའུ་ཁྲི2049ལྷག་ཙམ་ལ་དཔེ་སྟོན་དང་ཁྱབ་གདལ་གནང་སྟེ། དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི309024 ལྷག་ཙམ་བསྐྲུན་ཡོད། ལག་རྩལ་སྣ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱ་ལྷག་ཙམ་སྤེལ་བ་དང་། གསོ་སྦྱོང་ལ་བཞུགས་པའི་མི་སྣ་ཁྲི2 ལྷག་ཙམ་ལས་བརྒལ་ཡོད་པ་རེད། 

ཁོ་མོས་དར་ལ་བབ་པའི་ལང་ཚོ་དེ་ཉིད་བོད་ཀྱི་ཞིང་ལས་བྱ་གཞག་ལ་ཕུལ་གནང་བ་རེད། ཞིང་པར་ལག་རྩལ་གྱི་གཙོ་གནད་གསལ་བཤད་ཡང་ཡང་གནང་བ་དང་། འདེབས་གསོའི་ལག་རྩལ་ཆུ་ལམ་ཞུགས་དང་། རྡོ་ལག་བརྒྱུད།  ཅེས་པའི་དཔེ་ལྟར་ལག་རྩལ་དམར་ཁྲིད་ཀྱང་བྱས། ཞིང་པ་རྣམས་ལ་ཚན་རིག་སྦྱོང་བ་དང་ཚན་རིག་སྤྱོད་རྒྱུའི་ཀུན་སློང་གནང་སྟེ་ཞིང་པ་མི་དམངས་ལ་ཚན་རིག་དང་མཐུན་པའི་ས་ཞིང་འདེབས་དགོས་པའི་འདུན་པ་སྐྱེད་བསྲིངས་བྱས། མང་ཚོགས་ཚོས་སྙིང་ཉེ་བའི་སྐད་གདངས་ཀྱིས་ཁོང་ལ“འཚོ་བའི་ཁྲོད་ཀྱི་ཨ་ཅག་བཟང་པོ། ཚན་རྩལ་ཁྱབ་སྤེལ་གྱི་དགེ་རྒན་ཡག་པོ་”ཞེས་དགའ་འབོད་བྱེད་ཀྱི་ཡོད། 

དཔྱད་རྩོམ70ལྷག་ཙམ་སྤེལ་བ་དང་། སྔ་ཕྱིར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་དང་གྲུབ་འབྲས་བྱ་དགའ་ཁག་30ལྷག་ཙམ་ཐོབ་ཡོད། 2008ལོར“རྒྱལ་ཡོངས་ཕུལ་བྱུང་ཚན་རྩལ་ལས་དོན་མི་སྣའི་”གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།