空气一流动,就形成了风!空气也是热涨冷缩的原理,热空气的的气压比冷空气的低,空气由于气压不同就流动起来。
地面上由于太阳光照射温度会上升,地球表面各处照射到的太阳光是很不均匀的,赤道附近光照最强,至两极附近光照就很弱。因此就形成地面空气冷热不一,热空气膨胀变轻就会上升,附近的冷空气便进来填补,冷空气遇热又上升,这样冷热空气就不断流动起来。
冷而密的空气压力大,气象学上叫高气压;暖而稀疏的含水汽多的空气压力比较小,叫低气压。空气总是从比较密的地方向比较稀疏的地方流,也就是总是从高气压流向低气压的地方。
大的空气团的流动按流动方向:上下流动叫垂直运动,左右流动叫水平流动。而小块空气的流动不遵循水平方向和垂直方向。空气不规则杂乱运动叫乱流,而空气垂直运动叫对流。
空气的水平流动和有水平分量的空气流动才称为风。空气从气压高的地方流向气压低的地方,而且只要有气压差异存在,空气就一直向前流动,这就是风。
མཁའ་རླུང་འཁོར་སྐྱོད་བྱས་པ་ཙམ་ལས་རླུང་གྲུབ་ཀྱི་ཡོད། མཁའ་རླུང་ཡང་ཚ་སྦོས་གྲང་འཁུམ་གྱི་རྩ་བའི་འགྲོས་དང་བསྟུན་ནས་མཁའ་རླུང་ཚ་པོའི་རླུང་གནོན་ནི་མཁའ་རླུང་གྲང་མོའི་རླུང་གནོན་ལས་དམའ་བས། མཁའ་རླུང་ནི་རླུང་གནོན་མི་གཅིག་པས་འཁོར་སྐྱོད་བྱས་པ་ཡིན།
ས་ངོས་སུ་ཉི་མའི་འོད་འཕྲོ་བས་དྲོད་ཚད་མཐོ་རུ་འགྲོ་ཞིང་། སའི་གོ་ལའི་ཕྱི་ངོས་ཉི་མའི་འོད་འཕྲོ་ཐུབ་པ་དག་ལ་ཉི་མའི་འོད་ཆ་མི་སྙོམས་པ་ཡིན་ཏེ། ཐིག་དམར་(赤道)ཉེ་འཁོར་གྱི་འོད་འཕྲོ་བ་ཆེ་ཤོས་དང་གླིང་སྣེ་གཉིས་སུ་འོད་འཕྲོ་བ་ཞན་པོ་ཡོད། དེར་བརྟེན། ས་ངོས་མཁའ་རླུང་གི་ཚ་གྲང་མི་གཅིག་པ་གྲུབ་ཅིང་། མཁའ་རླུང་ཚ་པོ་ཚ་སྦོས་བྱས་སྟབས་ཡང་པོར་གྱུར་ནས་གྱེན་དུ་སོང་བས་ཉེ་འཁོར་གྱི་མཁའ་རླུང་གྲང་མོ་འཛུལ་ནས་ཁ་སྐོང་བྱེད་པ་ཡིན་ལ་མཁའ་རླུང་གྲང་མོ་མཁའ་རླུང་ཚ་པོ་དང་འཕྲད་པས་གྱེན་དུ་འགྲོ་བ་ཡིན་པས། དེ་ལྟ་བུའི་ཚ་གྲང་གི་མཁའ་རླུང་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་ཀྱི་ཡོད།
གྲང་ཞིང་མཐུག་པའི་མཁའ་རླུང་ནི་གནོན་ཤུགས་ཆེ་བས་གནམ་གཤིས་རིག་པའི་གཞུང་དུ་དེར་རླུང་གནོན་མཐོ་པོ་ཞེས་བརྗོད། དྲོ་ཞིང་ཐར་ཐོར་ཡིན་ལ་ཆུ་རླངས་ཀྱི་འདུས་ཚད་མང་བའི་མཁའ་རླུང་ནི་གནོན་ཤུགས་ཆུང་བས་དེར་རླུང་གནོན་དམའ་པོ་བརྗོད། མཁའ་རླུང་ནི་རྟག་ཏུ་གནོན་ཤུགས་ཅུང་ཆེ་བའི་ས་ནས་ཅུང་ཐར་ཐོར་ཡིན་པའི་སར་འགྲོ་བ་ནི་རླུང་གནོན་མཐོ་པོ་རྟག་ཏུ་རླུང་གནོན་དམའ་སའི་ཕྱོགས་སུ་བསྐྱོད་པ་དེའོ། །
མཁའ་རླུང་ཚོགས་པ་ཆེན་པོའི་འཁོར་སྐྱོད་ཀྱི་ཁ་ཕྱོགས་ནི། གོང་འོག་གི་འཁོར་སྐྱོད་ལ་དྲང་འཕྱང་འགུལ་སྐྱོད་བརྗོད་ཅིང་། གཡས་གཡོན་གྱི་འཁོར་སྐྱོད་ནི་ངོས་སྙོམས་འགུལ་སྐྱོད་ཅེས་བརྗོད། མཁའ་རླུང་ཆུང་ངུའི་འཁོར་སྐྱོད་ནི་ངོས་སྙོམས་ཁ་ཕྱོགས་དང་དྲང་འཕྱང་ཁ་ཕྱོགས་བསྟུན་མི་དགོས་པ་ཡིན། ཁ་ཕྱོགས་ལ་མི་བསྟུན་པར་གང་བྱུང་དུ་འགུལ་སྐྱོད་བྱེད་མཁན་གྱི་མཁའ་རླུང་ལ་རིམ་མེད་འཁོར་སྐྱོད་(乱流)འབོད་ཅིང་མཁའ་རླུང་དྲང་འཕྱང་འགུལ་སྐྱོད་བྱེད་པ་ལ་ཕན་ཚུན་བལྟོས་རྒྱུག་(对流)ཅེས་བརྗོད།
མཁའ་རླུང་གི་ངོས་སྙོམས་འཁོར་སྐྱོད་དང་ངོས་སྙོམས་ལྡན་པའི་མཁའ་རླུང་འཁོར་སྐྱོད་ལ་གཞིག་ནས་རླུང་ཞེས་བརྗོད་པ་ཡིན། མཁའ་རླུང་ནི་རླུང་གནོན་མཐོ་པོའི་ས་ནས་རླུང་གནོན་དམའ་པོའི་སར་རྒྱུག་གི་ཡོད་ཅིང་། རླུང་གནོན་གྱི་དབྱེ་བ་ལྡན་ན་མཁའ་རླུང་ནི་དུས་རྟག་ཏུ་མདུན་ཕྱོགས་སུ་འཁོར་སྐྱོད་བྱེད་ཀྱི་ཡོད་པས་དེ་ལ་རླུང་ཞེས་བརྗོད་པ་ཡིན་ནོ། །