西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

黑色地膜的四大作用
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2021-01-25

在蔬菜种植中,菜农一般用很薄(厚度为0.015~0.02毫米)的聚乙烯或聚氯乙烯黑色地膜。其作用有以下四点:

1.提高地温。利用透明黑色地膜覆盖,一般可使5厘米深表土层温度提高3℃~6℃,提高地温有利于早春蔬菜定植后迅速缓苗和促进根系生长。春季大棚内进行黑色地膜覆盖,其增温效果十分明显。据测定,在春季大棚辣椒田中,黑色地膜覆盖5~20厘米深土层日平均地温比单用大棚提高0.5℃~2℃。秋季黑色地膜覆盖也有很好的增温效果。

2.防旱、防涝、防返盐。在覆盖了黑色地膜的畦面上,雨水顺膜流入畦沟而被排走,土壤水分一般不致于过分饱和。不降雨时,土壤下层的水分可自下向上垂直运转,畦沟中的水也可沿畦边向畦中部横向转移,供给植株吸收。天旱时,薄膜阻碍了土壤水分蒸发,有保水作用,可减少灌溉次数。盐碱地覆盖黑色地膜,可减少表层土壤返盐,据测定,0~5厘米和5~10厘米土层全盐含量可以分别下降41.31%、2.24%。

3.防土壤板结。在作物生长期,由于黑色地膜覆盖使土壤表面减少了风吹雨淋及人在管理中的践踏,能使土壤保持较好的疏松状态,防止土壤板结。

4.防养分流失。黑色地膜覆盖后,土壤温湿度适宜,通透性好,土壤最高温度可达30℃以上,因此,土壤微生物增加,活性增强,可加速有机质分解和转化,促进土壤有益微生物的活动和繁殖。土壤中有效养分增加,一般可节省肥料用量1/3左右。由于黑色地膜的阻隔,可防止土壤中氮素的挥发,防止雨水冲刷而造成的淋溶流失,起到保肥作用。

 


སྔོ་ཚལ་འདེབས་སྐབས་ཚལ་འདེབས་ཞིང་པས་སྤྱིར་ན་གཞི་རྒྱུ་དབྱི་ཞིའམ་ཡང་ན་གཞི་རྒྱུ་ལུའེ་དབྱི་ཞི་འདུས་པའི་ཞིང་སྤྱོད་འགྱིག་ཤོག་ནག་པོ་ཧ་ཅང་སྲབ་མོ(མཐུག་ཚད་ཧའོ་སྨི་0.015ནས་0.02བར་ཡིན་པ)དེ་རིགས་སྤྱོད་ཀྱི་ཡོད། དེར་གཤམ་གྱི་ནུས་པ་བཞི་ཡོད་པ་སྟེ།

1.ས་དྲོད་འཕེལ་ཐུབ། དྭངས་གསལ་གྱི་ཞིང་སྤྱོད་འགྱིག་ཤོག་ནག་པོ་དེ་རིགས་སྤྱད་ཚེ་སྤྱིར་ན་གཏིང་ཚད་ལི་སྨི་5ཡོད་པའི་ས་རྒྱུའི་དྲོད་ཚད་ཧྲི་ཧྲེ་ཏུའུ་3ནས་6བར་མཐོ་རུ་གཏོང་ཐུབ། ས་དྲོད་ཆེ་རུ་ཕྱིན་ན་དཔྱིད་འགོའི་སྔོ་ཚལ་རྩ་བ་བཏང་རྗེས་མྱུར་དུ་མྱུ་གུ་འབུས་པ་དང་ཡན་ལག་རྒྱས་པར་ཕན་ཐོགས་ཡོད། དཔྱིད་དུས་དྲོད་ཁང་ཆེ་མོའི་ནང་ཞིང་སྤྱོད་འགྱིག་ཤོག་ནག་པོ་སྤྱད་ན་ས་དྲོད་འཕེལ་བའི་ནུས་པ་མངོན་གསལ་དོད་པོ་ཡོད། ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། དཔྱིད་དུས་དྲོད་ཁང་ནང་གི་སུར་པན་འདེབས་སར་ཞིང་སྤྱོད་འགྱིག་ཤོག་ནག་པོ་སྤྱད་ཚེ་གཏིང་ཚད་ལི་སྨི་5ནས་20བར་གྱི་ས་རྒྱུའི་ཉིན་རེའི་ཆ་སྙོམས་དྲོད་ཚད་དེ་སྤྱིར་བཏང་དྲོད་ཁང་ལས་ཧྲི་ཧྲེ་ཏུའུ་0.5ནས་2བར་མཐོ་བ་ཡོད་ལ། སྟོན་དུས་ཀྱང་ཞིང་སྤྱོད་འགྱིག་ཤོག་ནག་པོ་སྤྱད་ཚེ་ས་དྲོད་འཕེལ་བའི་ནུས་པ་ཡག་པོ་ཡོད།

2.ཐན་པ་དང་། ཞོད་སྐྱོན།  བ་ཚྭ་ཅན་དུ་འགྱུར་བ་བཅས་འགོག་ཐུབ། ཞིང་སྤྱོད་འགྱིག་ཤོག་ནག་པོ་གཡོགས་པའི་ཞིང་ཁར་ཆར་ཆུ་རྣང་མའི་སྟེང་ནས་བཞུར་འགྲོ་བས། ས་རྒྱུའི་བཞའ་ཚན་ཆེ་དྲགས་མི་སྲིད། ཆར་པ་མ་འབབ་པའི་སྐབས་ས་རྒྱུའི་ཁྲོད་ཀྱི་བཞའ་ཚན་འོག་ནས་སྟེང་དུ་ཐད་ཀར་འཁོར་སྐྱོད་བྱེད་པ་དང་། རྣང་མའི་ནང་གི་ཆུའང་ཟུར་ནས་དཀྱིལ་དུ་རྒྱུག་སྟེ་རྩི་ཤིང་གི་སྡོང་རྐང་ལ་མཁོ་འདོན་བྱེད་ཐུབ། གནམ་གཤིས་སྐམ་ཤས་ཆེ་བའི་སྐབས་འགྱིག་ཤོག་སྲབ་མོས་ས་རྒྱུའི་ཁྲོད་ཀྱི་བཞའ་ཚན་རླངས་པར་འགྱུར་ཏེ་བཞའ་ཚན་སྲུང་བའི་ནུས་པ་ཐོན་པས། ཆུ་གཏོང་བའི་ཐེངས་གྲངས་ཉུང་དུ་གཏོང་ཆོག བ་ཚྭ་ཅན་གྱི་ས་ཞིང་ལ་ཞིང་སྤྱོད་འགྱིག་ཤོག་ནག་པོ་གཡོགས་ན་ས་ངོས་བ་ཚྭར་འགྱུར་ཚད་ཉུང་དུ་གཏོང་ཐུབ། ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། གཏིང་ཚད་ལི་སྨི་0ནས་5བར་དང་ལི་སྨི་5ནས་10བར་གྱི་ས་ངོས་ཀྱི་ཚྭ་འདུས་ཚད་དེ་41.31%དང་2.24%སོ་སོར་ཉུང་དུ་གཏོང་ཐུབ།

3.ས་རྒྱུ་མཁྲེགས་པོ་ཆགས་མི་སྲིད། ལོ་ཏོག་སྐྱེ་འཚར་ཡོང་སྐབས་ཞིང་སྤྱོད་འགྱིག་ཤོག་ནག་པོས་ཞིང་སའི་ཐོག་ཆར་རྡུང་འབབ་ཚད་དང་རླུང་བུ་ཕོག་ཚད་ཉུང་དུ་འགྲོ་བ་མ་ཟད། གཡོག་བྱེད་བྱེད་སྐབས་རྡོག་བརྫིས་མ་ཕོག་པར་ས་རྒྱུ་སོབ་སོབ་དུ་གནས་ནས་མཁྲེགས་པོ་ཆགས་མི་སྲིད། 

4.ས་བཅུད་མ་ཤོར་བ་བྱེད་ཐུབ། ཞིང་སྤྱོད་འགྱིག་ཤོག་ནག་པོ་གཡོགས་རྗེས་ས་རྒྱུའི་བཞའ་ཚན་ཚད་རན་པ་དང་། རླུང་འགྲོ་ཡག་པ། ས་རྒྱུའི་དྲོད་ཚད་མཐོ་ཤོས་ཧྲི་ཧྲེ་ཏུའུ་30ཡན་ཟིན་གྱི་ཡོད་པས། ས་རྒྱུའི་སྐྱེ་དངོས་ཕྲ་རབ་མང་དུ་འགྲོ་ཐུབ་པ་དང་གསོན་ཚད་མང་བ་མ་ཟད། སྐྱེ་ལྡན་རྫས་བཅུད་དབྱེ་གསེད་དང་གཞན་འགྱུར་བྱེད་མགྱོགས་སུ་ཕྱིན་ཏེ་ས་རྒྱུའི་ཁྲོད་ཀྱི་ཕན་ཡོད་སྐྱེ་དངོས་ཕྲ་རབ་འགུལ་སྐྱོད་དང་སྐྱེ་འཕེལ་ལ་སྐུལ་འདེད་ཐེབས་ཀྱི་ཡོད། ས་བཅུད་ལེགས་སུ་ཕྱིན་ན་སྤྱིར་བཏང་རྫས་ལུད་སྤྱོད་ཚད་1/3ཡས་མས་གྲོན་ཆུང་བྱེད་ཐུབ། ད་དུང་ཞིང་སྤྱོད་འགྱིག་ཤོག་ནག་པོས་ས་རྒྱུའི་ཁྲོད་ཀྱི་ཏན་ལུད་རླངས་པར་འགྱུར་རྒྱུ་འགོག་ཐུབ་པ་མ་ཟད། དེ་དག་ཆར་ཆུས་འདེད་རྒྱུ་འགོག་ནས་ས་བཅུད་མ་ཤོར་བའི་ནུས་པ་ཆེན་པོ་ཐོན་ཐུབ།