西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

老棚加高时 注意夯实和拓宽
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2021-01-25

受土地规划的制约,很多菜农无法新建大棚,而是利用夏季将老棚的钢丝、立柱等全部除去后,对老棚进行加高,提高大棚的保温性,并安装卷帘机,从而为将来冬季蔬菜的生长创造良好的环境。那么,在加高时要注意什么。

首先,注意夯实 原来建造的老棚棚墙的顶部宽度在2米左右, 将链轨车开到棚墙上进行压实,因此要在老棚内土壤浇一遍水,当土壤中的含水量适宜时。 使用挖掘机将棚内的土壤弄到大棚后墙上时,要注意使用挖掘机的挖土斗将土壤夯实。

其次,拓宽大棚的高度与宽度是成正比的,大棚后墙的高度每增加1米,宽度必须徊应增加0.4~0.5米,这样才能保证大棚的采光性不受影响。所以菜农在增力口大棚高度的同时。还要注意适当增加大棚的宽度。

 


ས་ཞིང་འཆར་འགོད་ཀྱི་ཚོད་འཛིན་ཕོག་སྟེ། ཚལ་འདེབས་ཞིང་པ་ཚོས་དྲོད་ཁང་ཆེ་མོ་གསར་རྒྱག་བྱེད་ཐབས་བྲལ་ནས་དབྱར་དུས་དྲོད་ཁང་རྙིང་པའི་ལྕགས་སྐུད་དང་ཀ་བ་སོགས་ཚང་མ་བཤིག་རྗེས་དྲོད་ཁང་རྙིང་པ་མཐོ་རུ་བཏང་ནས་དྲོད་ཁང་ཆེ་མོའི་དྲོད་སྲུང་ནུས་པ་ཆེ་རུ་གཏོང་བ་དང་སྦྲགས་དྲོད་ཁེབས་སྒྲིལ་ཆས་བསྒར་ཏེ་དགུན་དུས་ཀྱི་སྔོ་ཚལ་སྐྱེ་འཚར་ལ་ཁོར་ཡུག་གི་ཆ་རྐྱེན་བཟང་པོ་བསྐྲུན་གྱི་ཡོད། འོ་ན་དྲོད་ཁང་མཐོ་རུ་གཏོང་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

གཅིག རྩིག་རྨང་བརྟན་དུ་གཏོང་རྒྱུར་དོ་སྣང་བྱེད་དགོས། དེ་སྔའི་དྲོད་ཁང་རྙིང་པའི་རྩིག་པའི་ཞེང་ཚད་སྨི་2ཡས་མས་ཡིན་སྐབས། འཕྲུལ་འཁོར་བཏང་ནས་རྩིག་པའི་སྟེང་གི་ས་བཅག་བཅག་གཏོང་དགོས་པར་བརྟེན། དྲོད་ཁང་རྙིང་པའི་ཞིང་སའི་སྟེང་ཆུ་ཐེངས་མ་གཅིག་བཏང་སྟེ་བཞའ་ཚན་ཚད་རན་པོ་ཞིག་ཡོང་བ་བྱེད་དགོས། བརྐོ་འདྲུ་འཕྲུལ་འཁོར་སྤྱད་ནས་དྲོད་ཁང་ནང་གི་ས་རྣམས་རྩིག་པ་རྒྱབ་མའི་ཟུར་དུ་འཇོག་སྐབས་བརྐོ་འདྲུ་འཕྲུལ་འཁོར་གྱི་སོ་གཤོང་སྤྱད་ནས་ས་བཅག་བཅག་གཏོང་རྒྱུར་དོ་སྣང་བྱེད་དགོས།

གཉིས། དྲོད་ཁང་ཆེ་མོའི་མཐོ་ཚད་དང་ཞེང་ཚད་བལྟོས་བཅས་འདྲ་པོ་ཡོད་པས། དྲོད་ཁང་གི་རྩིག་པ་རྒྱབ་མའི་མཐོ་ཚད་སྨི་1མཐོ་རུ་གཏོང་རིམ་བཞིན་ཞེང་ཚད་ཀྱང་ངེས་པར་དུ་དེ་མཚུངས་ཀྱིས་སྨི་0.4ནས་0.5བར་ཆེ་རུ་གཏོང་དགོས། དེ་ལྟར་བྱས་ཚེ་གཞི་ནས་དྲོད་ཁང་ཆེ་མོར་ཉི་འོད་ཕོག་པར་སྐྱོན་རྒྱག་གི་མེད། དེས་ན་ཚལ་འདེབས་ཞིང་པས་དྲོད་ཁང་གི་མཐོ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཞེང་ཚད་ཀྱང་འོས་འཚམ་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས།