技术要点:
1、仪器设备:RP-410型农药残留速测仪
2、试剂及准备
(1)缓冲液:取一包一定比例的磷酸氢二钠+磷酸二氢钾,加1000毫升蒸馏水溶解,调pH至8。
(2)酶:加3毫升缓冲液,放入冰块,保持低温,维持酶活性。
(3)显色剂:加10毫升缓冲液溶解备用。
(4)底物:加10毫升缓冲液溶解备用。
3、样品前处理方法
(1)取样:选取表面干净的待检蔬菜,叶菜类用取样器随机取不同植株的叶片,果瓜菜类用取样器沿皮取约1厘米的样品。叶菜类取材2克,非叶菜类取4克。
(2)提取:将所取蔬菜样品切碎放入提取瓶中,加入20毫升提取试剂,震荡1~2分钟,倒出上清液,静置3~5分钟,即为样品提取液。倒出上清液时,最好倒入口径较小的试管中,这样便于下一步移液操作。往试管里倒上清液时,尤其是叶菜类样品,要格外小心,尽量不要把碎叶片倒出,否则,将堵塞移液枪的管嘴,处理时相当困难。
(3)培养:取5只平底小试管,1支为空白对照,依次加入50μL酶,3毫升提取试剂,50微升L显色剂;其他4支为样品,分别依次加入50微升酶,3毫升样品提取试液,50μL显色剂,在37~38℃下培养30分钟。首先,要注意保持酶、提取试剂(样品提取液)、显色剂时间上的一致性,要迅速地将样品分别加入5支平底小试管中,然后将50微升酶和3毫升提取试剂分别加入5支平底小试管中,最后将显色剂分别加入5支平底小试管中;其次,培养温度要严格控制在37℃-38℃之间,培养过程中温度发生变化,超出范围,直接影响测定结果,温度低于37℃,抑制率偏低,温度高于38℃,抑制率偏高。培养时间要严格控制为30分钟,时间少于30分钟,抑制率偏低,时间多于30分钟,抑制率偏高。
(4)结果检测与分析
将培养后的5支平底小试管内分别加入50微升底物,然后迅速倒入比色杯内,放入RP-410中进行检测,如动作缓慢将会导致抑制率偏高。空白试管对应的比色杯要放在仪器的最外一格中,否则,检测结果无效。比色杯放入后,要按空白键,若按了样品键,检测结果亦无效。RP-410每次可检测5个样品,若检测多个样品时,可继续检测,不必再设空白对照,5个样品为一组。
检测完毕,仪器将自动打印出检测结果,即每个样品的抑制率。抑制率<70%,样品合格;抑制率≥70%,样品不合格。若抑制率≥70%的样品,蔬菜中可能含有某种有机磷或氨基甲酸酯类农药残留,此时样品要有两次以上重复试验,几次重复检测的重现性应在80%以上,才能判定此样品是否合格。抑制率在-10%~70%之间,均属正常,一旦抑制率超出此范围,则表示操作失误,需重新检测。
ལག་རྩལ་གནད་བསྡུས།
1. ཞིབ་དཔྱད་ཚད་ལེན་སྒྲིག་ཆས། RP-410རྟགས་ཅན་གྱི་ཞིང་སྨན་ལྷག་འཕྲོ་ཞིབ་དཔྱད་ཚད་ལེན་ཡོ་ཆས།
2. ཚོད་ལྟའི་རྫས་དང་གྲ་སྒྲིག
(1) དལ་འགྱུར་གཤེར་རྒྱུ། བསྡུར་ཚད་ངེས་ཅན་ལྡན་པའི་ལིན་སྐྱུར་ཆིང་ནཱ་གཉིས་པ་དང་ལིན་སྐྱུར་ཆིང་ཅཱ་གཉིས་པ་བླུགས་པའི་ཤོག་ཐུམ་གཅིག་བླངས་ཏེ། རླངས་ཆུ་ཧའོ་ཧྲེང་1000ནང་བླུགས་ནས་བཞུས་ཏེ་pHགྲངས་ཚད་8དུ་སྙོམས་སྒྲིག་བྱེད་དགོས་པ་དང་།
(2) སྨའེ། དལ་འགྱུར་གཤེར་རྒྱུ་ཧའོ་ཧྲེང་10བསྣན་རྗེས་འཁྱགས་རྡོག་བླུགས་ཏེ་གྲང་ཐབས་ཀྱིས་སྨའེ་ཡི་གསོན་ཤུགས་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས།
(3) མདོག་སྟོན་རྫས། དལ་འགྱུར་གཤེར་རྒྱུ་ཧའོ་ཧྲེང་10བླུགས་ཏེ་བཞུ་རྒྱུར་གྲ་སྒྲིག་བྱས་ནས་འཇོག་དགོས།
(4) རྨང་རྫས། དལ་འགྱུར་གཤེར་རྒྱུ་ཧའོ་ཧྲེང་10བླུགས་ཏེ་བཞུ་རྒྱུར་གྲ་སྒྲིག་བྱས་ནས་འཇོག་དགོས།
3. དངོས་དཔེར་མ་འགྱུར་གོང་ཐག་གཅོད་བྱེད་ཐབས།
(1) དཔེ་འཐེན། སྔོ་ཚལ་གཙང་མ་ཞིག་བདམས་ནས་འཇོག་དགོས་ཤིང་། ལོ་མ་ཡོད་པའི་སྔོ་ཚལ་རིགས་ལ་ཆ་མཚོན་ན། དཔེ་འཐེན་ཡོ་ཆས་ཀྱིས་སྔོ་ཚལ་མི་འདྲ་བ་ནས་ལོ་མ་འཐུ་བ་དང་ཀྭ་རིགས་དང་ཤིང་ཏོག་རིགས་ལ་ཆ་མཚོན་ན། དཔེ་འཐེན་ཡོ་ཆས་ཀྱིས་པགས་པ་ནས་ལི་སྨི་1བཤུས་ཏེ་དངོས་དཔེ་བྱེད་དགོས། ལོ་མ་ཡོད་པའི་སྔོ་ཚལ་ནས་རྒྱུ་ཆ་ཁེ་2དང་ལོ་མ་མེད་པའི་རིགས་ནས་རྒྱུ་ཆ་ཁེ་4འཐུ་ལེན་བྱེད་དགོས།
(2) བསྡུ་ལེན། དངོས་དཔེ་ཡིན་པའི་སྔོ་ཚལ་ཚང་མ་ཧྲུག་ཧྲུག་བཟོས་ནས་ཤེལ་དམ་ནང་བླུགས་པ་དང་། བསྡུ་ལེན་གཤེར་རྒྱུ་ཧའོ་ཧྲེང་20བླུགས་ཏེ་སྐར་མ་1ནས་2བར་དཀྲུག་དཀྲུག་གཏོང་བ། ཁ་རུ་གཡེང་བའི་བཤེར་ཁུ་དག་བཏོན་ནས་སྐར་མ་3ནས་5བར་འཇོག་དགོས། དེ་ནི་དཔེ་འཐེན་བཤེར་ཁུ་རེད། ཁ་རུ་གཡེང་བའི་བཤེར་ཁུ་འདོན་སྐབས་ཡག་ཤོས་བྱུང་ན་ཁ་ཆུང་བའི་ཚོད་ལྟའི་ཤེལ་སྦུག་ནང་བླུགས་དགོས། དེ་འདྲ་བྱས་ན་གོམ་སྟབས་རྗེས་མར་བཤེར་ཁུ་གཞན་དུ་བླུག་བདེ་པོ་ཡོད། ཚོད་ལྟའི་ཤེལ་སྦུག་ནང་བླུག་སྐབས་ལྷག་པར་དུ་ལོ་མ་ཡོད་པའི་སྔོ་ཚལ་རིགས་ཀྱི་དངོས་དཔེ་ཡིན་ན་དེ་བས་ཀྱང་གཟབ་གཟབ་བྱས་ཏེ། ལོ་མ་ཞིབ་མོ་ཤེལ་སྦུག་ནང་མི་འགྲོ་བ་བྱེད་དགོས། དེ་མིན་ན་བཤེར་ཁུ་བླུག་ཆས་ཀྱི་ཁ་འགག་ནས་སྲོང་ཁག་པོ་ཡོད།
(3) གསོ་སྐྱོང་། མཐིལ་སྙོམས་པའི་ཚོད་ལྟའི་ཤེལ་སྦུག་ཆུང་ཆུང་5བླངས་ཏེ། ཤེལ་སྦུག་1སྟོང་བསྡུར་བྱེད་པར་འཇོག་དགོས་ཤིང་། དེའི་ནང་སྨའེ་ཝུའེ་ཧྲེང་50དང་། བསྡུ་ལེན་བྱས་པའི་ཚོད་ལྟའི་རྫས་ཧའོ་ཧྲེང་3 དེ་བཞིན་ཁ་དོག་མངོན་རྫས་ཝུའེ་ཧྲེང་50བཅས་རིམ་པ་བཞིན་བླུག་དགོས། དེ་བྱིངས་ཀྱི་ཤེལ་སྦུག་4པོ་དངོས་དཔེར་བྱས་ཏེ། སྨའེ་ཝུའེ་ཧྲེང་50དང་། བསྡུ་ལེན་བྱས་པའི་ཚོད་ལྟའི་རྫས་ཧའོ་ཧྲེང་3 དེ་བཞིན་ཁ་དོག་མངོན་རྫས་ཝུའེ་ཧྲེང་50བཅས་རིམ་པས་བཞིན་བླུགས་ནས་དྲོད་ཚད་ཧྲེ་ཧྲི་ཏུའུ་37ནས་38བར་གྱི་ཁོར་ཡུག་ནང་སྐར་མ་30འཇོག་དགོས། གཅིག་ནས་རྒྱུན་འཁྱོངས་སྨའེ་དང་། བསྡུ་ལེན་བྱས་པའི་ཚོད་ལྟའི་རྫས། ཁ་དོག་མངོན་རྫས་བཅས་དུས་ཚོད་ཐད་གཅིག་མཐུན་ཡོང་མིན་ལ་དོ་སྣང་བྱེད་དགོས་པ་དང་། དངོས་དཔེ་དག་མཐིལ་སྙོམས་པའི་ཚོད་ལྟའི་ཤེལ་སྦུག་ནང་འཕྲལ་མར་བླུག་པ་དང་། དེ་ནས་སྨའེ་ཝུའེ་ཧྲེང་50དང་བསྡུ་ལེན་བྱས་པའི་ཚོད་ལྟའི་རྫས་ཧའོ་ཧྲེང་3 མཐིལ་སྙོམས་པའི་ཚོད་ལྟའི་ཤེལ་སྦུག་5པོའི་ནང་བླུགས་པ། མཐའ་མཇུག་ཏུ་ཁ་དོག་མངོན་རྫས་མཐིལ་སྙོམས་པའི་ཚོད་ལྟའི་ཤེལ་སྦུག་5པོའི་ནང་བླུག་པ་བཅས་བྱེད་དགོས། གཉིས་ནས་སྐྱེད་སྲིང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་37ནས་38བར་ཚོད་འཛིན་ནན་པོ་བྱེད་དགོས། སྐྱེད་སྲིད་བྱེད་རིང་དྲོད་ཚད་ལ་འགྱུར་ལྡོག་བྱུང་ནས་ཚད་ལས་བརྒལ་ན་ཞིབ་དཔྱད་ཚད་ལེན་བྱས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་རེད། དྲོད་ཚད་ཧྲེ་ཧྲི་ཏུའུ་37ལས་དམའ་ན་ཚོད་འཛིན་བྱེད་ཚད་དམའ་རུ་དང་དྲོད་ཚད་ཧྲེ་ཧྲི་ཏུའུ་38ལས་མཐོ་ན་ཚོད་འཛིན་བྱེད་ཚད་མཐོ་རུ་འགྲོ་རྒྱུ་རེད། སྐྱེད་སྲིང་བྱེད་པའི་དུས་ཚོད་སྐར་མ་30ཏག་ཏག་ཟིན་པ་བྱེད་དགོས་ཤིང་། དུས་ཚོད་སྐར་མ་30མ་ཟིན་ན་ཚོད་འཛིན་བྱེད་ཚད་དམའ་རུ་འགྲོ་རྒྱུ་དང་དུས་ཚོད་སྐར་མ་30ལས་ཡོལ་ན་ཚོད་འཛིན་བྱེད་ཚད་མཐོ་རུ་འགྲོ་རྒྱུ་རེད།
(4) གྲུབ་འབྲས་ཞིབ་དཔྱད་ཚད་ལེན་དང་དབྱེ་བཞི།
སྐྱེད་སྲིང་བྱས་རྗེས་ཀྱི་མཐིལ་སྙོམས་པའི་ཚོད་ལྟའི་ཤེལ་སྦུག་5པོའི་ནང་རྨང་རྫས་ཝུའེ་ཧྲེང་50བླུག་པ་དང་འཕྲལ་མར་མདོག་བསྡུར་ཤེལ་དམ་ནང་ཕར་བླུགས་ཏེ་RP-410ནང་བཞག་ནས་ཞིབ་དཔྱད་ཚད་ལེན་བྱེད་དགོས། གལ་ཏེ་ལག་པ་འགོར་ན་ཚོད་འཛིན་བྱེད་ཚད་མཐོ་རུ་འགྲོ་རྒྱུ་རེད། ཚོད་ལྟའི་ཤེལ་སྦུག་སྟོང་པའི་ལྟོས་ཟླ་ཡིན་པའི་མདོག་བསྡུར་ཤེལ་དམ་དེ་ཞིབ་དཔྱད་ཚད་ལེན་ཡོ་ཆས་ཀྱི་མཐའ་ཏུ་འཇོག་དགོས། དེ་མིན་ན་ཞིབ་དཔྱད་ཚད་ལེན་བྱས་པའི་གྲུབ་འབྲས་རྩིས་མེད་རེད། མདོག་བསྡུར་ཤེལ་དམ་བཅུག་རྗེས་སྟོང་ཆའི་འཐེབ་གནོན་གནོན་དགོས། གལ་ཏེ་དངོས་དཔེའི་འཐེབ་གནོན་མནན་ན་ཞིབ་དཔྱད་ཚད་ལེན་བྱས་པའི་གྲུབ་འབྲས་རྩིས་མེད་རེད། RP-410ཡིས་ཐེངས་གཅིག་ལ་དངོས་དཔེ་5ལ་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་ཀྱི་ཡོད། གལ་ཏེ་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་དངོས་དཔེ་མང་པོ་ཡོད་ན། མུ་མཐུད་ཞིབ་དཔྱད་ཚད་ལེན་བྱེད་ཆོག་ཅིང་། དུས་འདིར་བསྐྱར་དུ་སྟོང་བསྡུར་བྱེད་པའི་དགོས་པ་མེད། དངོས་དཔེ་5རེ་ཚོགས་ཆུང་གཅིག་ལ་བརྩིས་ན་འགྲིག
ཞིབ་དཔྱད་ཚད་ལེན་བྱས་རྗེས་ཞིབ་དཔྱད་ཚད་ལེན་ཡོ་ཆས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་འབྲས་རང་ཤུགས་སུ་པར་འདེབས་ཀྱི་ཡོད། དངོས་དཔེ་རེ་རེའི་ཚོད་འཛིན་བྱེད་ཚད་སྟེ། ཚོད་འཛིན་བྱེད་ཚད་70%ལས་མཐོ་ན་ཚད་ལོན་པ་དང་ཚོད་འཛིན་བྱེད་ཚད་70%ལས་དམའ་བའམ་མཚུངས་ན་ཚད་ལོན་མེད། ཚོད་འཛིན་བྱེད་ཚད་70%ལས་དམའ་བའམ་མཚུངས་ན་སྔོ་ཚལ་ནང་སྐྱེ་ལྡན་ལིན་ནམ་ཨན་གཞིའི་སྐྱུར་ཞག་ཀ་པའི་རིགས་ཀྱི་ཞིང་སྨན་ལྷག་འཕྲོ་ཡོད་སྲིད་པས་དངོས་དཔེར་ཚོད་ལྟ་ཐེངས་གཉིས་ཡན་བྱེད་དགོས་ཀྱི་ཡོད། ཞིབ་དཔྱད་ཚད་ལེན་ཡང་ཡང་བྱས་པ་ལས་མངོན་པ་80%ཡན་ཟིན་ཚེ་དངོས་དཔེ་དེ་ཚད་ལོན་མིན་གཞི་ནས་ཐག་གཅོད་དགོས། ཚོད་འཛིན་བྱེད་ཚད་10%ནས70%བར་ཡིན་ཚེ་ཏག་ཏག་བསྡད་ཡོད། གལ་ཏེ་ཚད་འཛིན་བྱེད་ཚད་ཚད་གཞི་དེ་ལས་བརྒལ་ན་འཕྱུགས་སྐྱོན་བྱུང་བ་ཡིན་པས་བསྐྱར་དུ་ཞིབ་དཔྱད་ཚད་ལེན་བྱེད་དགོས་ཀྱི་ཡོད།