技术概述:蛹虫草(也叫北虫草),学名为Cordyceps militaris,虫草菌的一种,子囊菌亚门、麦角菌目、麦角菌科、虫草属的模式种。蛹虫草食用和药用价值可与天然的冬虫夏草媲美。
技术要点:
1、制种:三级菌种扩繁制度,试管母种-液体原种-大米栽培种
培养基:大米培养基料水比不大于1:1.5,料水比太大,会影响菌丝呼吸作用容易早衰;太小,菌丝吃不透料,后期营养不够而抑制生长
2、灭菌:采用中压灭菌方法在高原低压地区较为实际,灭菌温度110-115℃,大米不像麦子,容易吸水,不易松动,随着灭菌量的加大,相应延长灭菌时间,灭菌时间不得少于4h。
3、接种:必须在无菌状态下进行。连续注射器硅胶管用高锰酸钾浸泡过夜。在超净工作台上操作,连续注射器(忌高压灭菌)用高锰酸钾、75%酒精、无菌水依次过滤,硅胶管一头插入三角瓶液体菌种液面以下,接种针在酒精灯外焰灼烧,晾凉,打出空气,初始液体菌种废弃,插入接近瓶口边缘,注射器喷嘴向下,让液体菌种均匀喷洒大米料面,一般连续注射器为2ml为一次注射量,每瓶不超过5次注射即可,过多会在瓶底积水,不利于菌丝向下延展。
4、菌丝培养:必须避光培养,最适菌丝生长温度为18-22℃,蛹虫草是一种介于好气菌与嫌气菌之间的一种真菌,西藏本来地处高海拔低气压地区,空气含氧量绝对低于其他地区,如不注意通风换气,极易发生气生菌丝或营养生长过旺,菌丝早衰,不易出草。
5、出草管理:菌丝发满后,需进行光照刺激转色,呈橘红色后松动瓶口封口膜,但不揭开封口膜,以利增氧,或封口膜上扎孔(孔径不超过2毫米,1-3个即可)通气,并加强室内通风,保持新鲜空气,同时应减少光照时间,利用室内自然散射光即可;保持室内温度在20~25℃,适当调控温差在24小时内5-10℃的范围,控制相对湿度在65%~85%。
6、栽培方式:洗瓶--装料--封口--灭菌--接种--上架--取口--采收,盆栽或盒栽500公斤干料1次可全部灭菌,2人操作接种1天可轻松完成,从开始到接种结束最多用1周时间。
适宜区域:西藏全区
ལག་རྩལ་གནས་བསྡུས། རྩྭ་མལ་འབུ་ནི། རྩྭ་འབུའི་རིགས་ཤིག་ཡིན་པ་དང་རྒྱུད་སྣོད་འབུ་ཕྲ་དང་། གྲོ་ཟུར་འབུ་ཕྲ། རྩྭ་འབུའི་ཁོངས་སུ་གཏོགས་པའི་སྣ་ཁ་ཞིག་རེད། རྩྭ་མལ་འབུ་ཟ་བ་དང་སྨན་དུ་བྱེད་པའི་རིན་ཐང་དེ་དབྱར་རྩྭ་དགུན་འབུ་དང་ཁྱད་མེད།
ལག་རྩལ་གྱི་གཙོ་གནད།
1. འདེབས་འཛུགས་བྱེད་སྟངས། རིམ་གསུམ་འབུ་ཕྲ་སྐྱེད་སྲིང་ཐད། སྦུ་གར་འདེབས་འཛུགས་དང་། ཆུ་ལ་འདེབས་འཛུགས། འབྲས་ལ་འདེབས་འཛུགས་བཅས་ཡོད།
འདེབས་སའི་གནས། འབྲས་ལ་འདེབས་ན་ཆུའི་བསྡུར་ཚད་དེ་1བསྡུར་1.5ཡིན་དགོས་པ་དང་ཆུ་མང་དྲག་ན་སོན་རུལ་སླ་བ་དང་། ཆུ་ཉུང་དྲག་ན་སོན་ལ་ཆུ་སིམ་མི་ཐུབ་པ་དང་འཚོ་བཅུད་མི་འདང་བར་གྱུར་ནས་སྐྱེ་མགྱོགས་པོ་མེད།
2.འབུ་ཕྲ་གསོད་ཐབས། གནོན་འབྲིང་འབུ་ཕྲ་གསོད་ཐབས་དེ་ས་མཐོའི་རླུང་གནོན་དམའ་བའི་ས་ཁུལ་དུ་འཚམ་ཞིང་། འབུ་ཕྲ་གསོད་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ་110ནས་115བར་ཡོད་དགོས། འབྲས་ནི་གྲོ་དང་མི་འདྲ་བས་ཆུ་སིམ་སླ་བ་དང་རྡོག་གཅིག་ཏུ་སྒྲིལ་སླ་བས། འབུ་ཕྲ་གསོད་ཚད་ཆེ་རུ་གཏོང་བ་དང་ཆབས་ཅིག་འབུ་ཕྲ་གསོད་པའི་དུས་ཚོད་འོས་འཚམ་ངང་རིང་དུ་གཏོང་ཐུབ། འབུ་ཕྲ་གསོད་པའི་དུས་ཚོད་ཆུ་ཚོད་བཞི་ལས་མི་ཉུང་བ་བྱེད་དགོས།
3.འདེབས་འཛུགས། ངེས་པར་དུ་འབུ་ཕྲ་མེད་པའི་གནས་ཚུལ་འོག་འདེབས་འཛུགས་བྱེད་དགོས། སྨན་ཁབ་རྒྱག་ཆས་སྦུ་གུ་ཀའོ་མོང་སྐྱུར་ཅཱའི་ནང་མཚན་གང་སྦོང་དགོས། ཧ་ཅང་གཙང་བའི་ལས་སྟེགས་ཐོག་བྱེད་པ་དང་སྨན་ཁབ་རྒྱག་ཆས་ཀྱིས་ཀའོ་མོང་སྐྱུར་ཅཱ་དང་། ཨ་རག་ཉིང་ཁུ་75% འབུ་ཕྲ་མེད་པའི་ཆུ་བཅས་ཀྱིས་ཐེངས་མང་ཆུ་བཤལ་བཏང་རྗེས། སྦུ་གའི་སྣེ་གཅིག་ཟུར་གསུམ་ཤེལ་དམ་གཉེར་གཟུགས་འབུ་ཕྲའི་གཤེར་ཁུའི་འོག་བར་བཅུག་དགོས་པ་དང་། ཁབ་ཀྱི་སྣེ་ཨར་རག་ཉིང་ཁུར་མེ་ལ་བསྲེགས་ཏེ་གྲང་སྐམ་བཏང་ནས་རླུང་དོན་ཐུབ་པ་བྱེད་དགོས། ཐོག་མའི་གཤེར་གཟུགས་ཀྱི་འབུ་ཕྲའི་རིགས་དོར་བ་དང་ཤེལ་དམ་གྱི་མཐའ་རུ་སྨན་ཁབ་བཙུགས་ཏེ་འཐེན་ནས་གཤེར་གཟུགས་འབུ་ཕྲ་འབྲས་ཀྱི་ངོས་སུ་སྟོར་དགོས། སྤྱིར་ན་སྟོར་ཚད་དེ་ཐེངས་གཅིག་ལ་2 སྟོར་དགོས་པ་དང་ཤེལ་དམ་རེས་ཐེངས་ལྔ་ལས་བརྒལ་རྒྱུ་མེད། མང་དྲགས་ན་ཤེལ་དམ་མཐིལ་དུ་འཇིངས་ནས་འབུ་ཕྲར་རྩ་བ་གཏོང་རྒྱུར་ཕན་ཐོགས་མེད།
4.རྩ་བ་གཏོང་ཐབས། ངེས་པར་དུ་འོད་མེད་པའི་སར་སྐྱེད་སྲིང་བྱེད་དགོས། འབུ་ཕྲ་འཚར་བའི་དྲོད་ཚད་འཚམ་ཤོས་ནི་ཧྲེ་ཧྲི་ཏུའུ་18ནས་22བར་ཡིན་པ་དང་རྩྭ་མལ་འབུ་ནི་རླུང་གི་འབུ་ཕྲ་དང་རླུང་གཉིས་མའི་འབུ་ཕྲའི་དཀྱིལ་གྱི་འབུ་ཕྲ་ངོ་མ་དེ་རེད། བོད་ལྗོངས་ས་བབ་མཐོ་བ་དང་རླུང་གནོན་དམའ་བའི་ས་ཁུལ་ཡིན་པར་བརྟེན། མཁའ་རླུང་ནང་གསོ་རླུང་བསྡུས་ཚད་ས་ཁུལ་གཞན་ལས་ཉུང་བ་ཡོད། གལ་ཏེ་རླུང་བརྗེ་རྒྱུར་དོ་སྣང་མ་བྱས་ན། མཁའ་རླུང་ཁྲོད་འབུ་ཕྲ་ཐོན་སླ་བའམ་ཡང་ན་འཚོ་བཅུད་མང་དྲག་ནས་མང་པོ་སྐྱེས་ཏེ། འབུ་ཕྲ་རུལ་བ་ལས་རྩ་བ་ཐོན་སླ་པོ་མེད།
5.མྱུ་གུར་གཡོག་བྱེད་བྱེད་ཐབས། འབུ་ཕྲར་རྩ་བ་མང་པོ་བཏང་རྗེས། ཉི་འོད་འོག་བཞག་ནས་མདོག་འགྱུར་བ་བྱེད་དགོས། ལི་དམར་ཆགས་རྗེས། ཤེལ་དམ་ཁ་གཅོད་ཀྱི་འགྱིག་ཤོག་གི་ཁ་ལྷུག་ཏུ་གཏོང་དགོས། འོན་ཀྱང་ལམ་སེང་འགྱིག་ཤོག་ཕྱེ་རྒྱུ་མེད། དེ་ལྟར་བྱས་ན་རླུང་འཛུལ་སྲིད། ཡང་ན་འགྱིག་ཤོག་སྟེང་ཨི་ཁུང་རྟོལ་ནས(ཨི་ཁུང་གི་ཁ་ཞེང་ཧའོ་སྨི་2ཡོད་དགོས་པ་དང་ཨི་ཁུང་གཅིག་ནས་གསུམ་བར་རྟོལ་ན་འགྲིག)རླུང་འགྲོ་བ་བྱེད་དགོས་པ་མ་ཟད། ཁ་རླུང་སོས་པ་ཡོང་བ་དང་ཉི་འོད་མི་ཕོག་པ་བྱེད་དགོས་ལ། ཁང་པའི་ནང་གི་འོད་ཡོད་སར་བཞག་ན་འགྲིག ཁང་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ་20ནས་25བར་ཡོད་དགོས་་པ་དང་དྲོད་ཚད་སྙོམས་སྒྲིག་ཆུ་ཚོད་24ནང་ཧྲེ་ཧྲི་ཏུའུ་5ནས་10བར་དགོས་པ་དང་བརླན་ཚད་65%ནས་85%ཚོད་འཛིན་བྱེད་དགོས།
6.རྩྭ་འདེབས་བྱེད་ཐབས། ཤེལ་དམ་བཀྲུ་བ་དང་། སོན་བླུགས་པ། ཁ་བཏུབས་པ། འབུ་ཕྲ་གསོད་པ། འདེབས་འཛུགས། མྱུ་གུ་གཏོང་བ། ཁ་ཕྱེ་བ། བསྡུ་བ་བཅས་ཀྱི་གོ་རིམ་ལྟར་བྱེད་དགོས། ཁོག་མའི་ནང་སོན་སྐམ་པོ་སྤྱི་རྒྱ་500བཏབ་ནས་ཐེངས་གཅིག་ལ་འབུ་ཕྲ་ཚང་མ་གསོད་ཐུབ་པ་དང་། མི་གཉིས་ཀྱིས་བཏབ་ན་ཉིན་གཅིག་ལ་ཚར་ཐུབ་པ། འདེབས་འགོ་ཚུགས་པའི་བར་མང་ཤོས་ལའང་གཟའ་འཁོར་གཅིག་ལས་འགོར་གྱི་མེད།
འདེམས་འཛུགས་འཚམ་ས། བོད་ཀྱི་ས་ཁུལ་ཡོངས་ལ་བཏབ་ན་འཚམ་པོ་ཡོད།