一、准备母株
确定草莓繁殖品种后,选择生长健壮、无病虫害的匍匐茎苗,作为繁殖的母株。在采果大田移栽结束后,将母株假植在田间露地越冬。假植密度以20厘米×20厘米。
二、苗圃整地
苗圃要选择土壤肥沃、不易板结、排灌方便的地块。
三、定植时间
春季气温稳定在15℃以后便可适时定植,一般在4月中、下旬,力争4月底定植结果。
四、苗圃管理
母株定植后随即浇透定根水,此后4~6天内根据天气情况每天浇水1次。成活后及时查苗补蔸,对栽得过深过浅的母株要及时补救。
五、病虫防治
草莓定植后至生长初期有地老虎等为害,清晨要勤加检查,发现缺刻叶和死苗,可在植株附近挖查消灭或每亩用1.5%的有机磷混粉2.5千克拌细土15~20千克撒施。
གཅིག མ་སྡོང་གྲ་སྒྲིག
འབྲི་ཏ་ས་འཛིན་གསོ་སྤེལ་ས་བོན་གཏན་འཁེལ་བྱས་རྗེས། སྐྱེ་འཚར་ལེགས་པ་དང་ནད་འབུའི་གནོད་འཚེ་ཕོག་མེད་པའི་སར་ཉལ་སྡོང་པོ་བདམས་ནས་གསོ་སྤེལ་མ་སྡོང་བྱེད་དགོས། འབྲས་བུ་འཐོག་སའི་ཞིང་ཁའི་ནང་སྤོ་འཛུགས་བྱས་རྗེས། མ་སྡོང་ལྕུག་ཕྲན་ཞིང་ཁའི་ནང་བཙུགས་ནས་དགུན་གྲོལ་བྱེད་དགོས། ལྕུག་ཕྲན་སྟུག་ཚད་ལི་སྨི་20×ལི་སྨི་20ཡིན།
གཉིས། སྡོང་ཕྲུག་གི་ས་ཞིང་ལེགས་སྒྲིག
སྡོད་ཕྲུག་ལ་ས་རྒྱུ་གཤིན་པོ་དང་། སྨྱག་ས་ཚི་སྐམ་བྱེད་མི་སླ་བ། ཆུ་འབུད་གཏོང་སྟབས་བདེ་བའི་ས་ཆ་ཞིག་དགོས།
གསུམ། རྩ་སྤོས་རྒྱག་པའི་དུས་ཚོད། དཔྱིད་དུས་ཀྱི་དྲོད་ཚད་15℃ལ་གཏན་འཁེལ་བྱུང་རྗེས་དུས་བསྟུན་རྩ་སྤོས་རྒྱག་ཆོག རྩ་སྤོས་རྒྱག་པའི་དུས་ཚོད་སྤྱིར་ན་ཟླ་4པའི་ཟླ་དཀྱིལ་དང་ཟླ་སྨད་ལ་ཡིན་པས་ཟླ་4པའི་ཟླ་མཇུག་ཏུ་རྩ་སྤོས་བརྒྱབ་པའི་སྡོང་ཕྲུག་ལ་འབྲས་བུ་སྨིན་པའི་བརྩོན་ལེན་བྱེད་དགོས།
བཞི། སྡོང་ཕྲུག་དོ་དམ། མ་སྡོང་རྩ་སྤོས་བརྒྱབ་རྗེས་རྩ་བ་ཆུའི་ནང་སིམ་པར་བྱེད་དགོས། དེས་རྗེས་ཉིན་བཞི་ནས་དྲུག་ནང་ཚུན་དུ་གནམ་གཤིས་འགྱུར་ལྡོག་ལ་བལྟས་ནས་ཆུ་ཐེངས་རེ་རྒྱག་དགོས། མ་སྡོང་གསོན་ཐུབ་རྗེས་དུས་ཐོག་ཏུ་གཏིང་རིང་ཐུང་མི་སྙོམས་པའི་མ་སྡོང་དུས་ཐོག་ཏུ་བཅོས་ཐབས་བྱེད་དགོས།
ལྔ། ནད་འབུ་འགོག་བཅོས།
འབྲི་ཏ་ས་འཛིན་རྩ་སྤོས་བརྒྱབ་རྗེས་སྐྱེས་འཚར་བྱེད་པའི་བརྒྱུད་རིམ་ནང་ས་འབུ་མགོ་སེར་སོགས་ཀྱི་གནོད་འཚེ་ཕོག་སྲིད། དེར་བརྟེན་ཞོགས་པ་ནས་ཞིབ་བཤེར་ཡང་ཡང་བྱེད་དགོས། གལ་སྲིད་ལོ་མ་ཤོ་རལ་དང་མྱུ་གུ་ཤི་བའི་གནས་ཚུལ་ཐོན་ཚེ། མ་སྡོང་བཏབ་སའི་ཉེ་འཁོར་གྱི་ས་སྔོགས་ནས་ནད་འབུ་གསོད་པའང་ཡང་ན་མུའུ་རེར་སྐྱེས་ལྡན་ལིན་འདྲེས་ཕྱེ་1.5%དང་ས་རྡུལ་ཆན་ཁེ་2.5མཉམ་བསྲེས་བྱས་ནས་ཆན་ཁེ་15ནས་20བར་གཏོར་དགོས།