西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

如何选择种瓣?如何选地及整地质量?
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2021-04-25

选种

大蒜种一般从春季收获时便开始选种,不宜在发病田块留种,选择蒜头肥大、蒜瓣均匀的植株,贮藏好。在播种前用人工扒皮掰瓣,将被病虫危害的、有伤残无种皮、干瘪的蒜瓣剔除,按蒜瓣的大小进行分级,一般蒜瓣大的含营养多,播种后大蒜长势要大,但用种量较大,因此蒜瓣的重量5g左右为好,小种瓣可用于生产蒜苗。

若是购买蒜种,应考虑适应性问题,特别是新品种,要先试种再大面积种植,避免盲目种植导致减产。

选地

大蒜根系为弦线状须根,根系小,根毛少,吸收水肥能力弱,因此种植土壤的选择关系到大蒜的长势及产量,一般质地疏松、排水良好、肥沃的砂壤土为宜;同时,大蒜忌重茬或与其他葱蒜类作物轮茬,葱蒜类作物的病虫害发生情况较为相似,可选择上茬为玉米、茄果类蔬菜等。

大蒜的根系一般分布在0-20厘米的土层中,在整地上一般翻耕到20-25厘米,畦面要整平耙细,没有明显坷垃。整地前要将上茬作物的植株残体清除,若是秸秆还田要注意深翻晒垡、腐熟秸秆再播种。

 



ས་བོན་འདེམས་པ།

སྒོག་པའི་ས་བོན་སྤྱིར་ན་དཔྱིད་བསྡུའི་སྐབས་སུ་ས་བོན་འདེམས་འགོ་ཚུགས་དགོས། ནད་ཐོན་པའི་ཞིང་ཁ་ནས་ས་བོན་འདེམས་རྒྱུ་མེད་པ་དང་། སྒོག་སོ་ཆེ་ཞིང་འདབ་མ་སྙོམས་པའི་སྡོང་རྐང་བདམས་ནས་ཉར་ཚགས་ཡག་པོ་བྱེད་དགོས། སྒོག་སོན་མ་བཏབ་གོང་མི་ཐབས་ལ་བརྟེན་ནས་སྒོག་པ་ཁ་གཤགས་ཏེ་ནད་འབུའི་གནོད་འཚེ་ཕོག་པ་དང་། རྨས་སྐྱོན་ཕོག་ཅིང་སོན་ལྤགས་མེད་པ། སྐམ་རིད་ཀྱི་སྒོག་པ་ལོགས་སུ་དབྱེ་དགོས། དེ་རྗེས་སྒོག་ལོའི་ཆེ་ཆུང་ལྟར་རིམ་པ་དབྱེ་བ་དང་སྒོག་ལོ་ཆེ་བའི་རིགས་ལ་འཚོ་བཅུད་མང་པོ་འདུས་ཡོད་པས་བཏབ་རྗེས་སྒོག་པ་སྐྱེས་འཚར་ལེགས་པ་ཡོད། འོན་ཀྱང་སྒོག་པ་འདེབས་དུས་ས་བོན་སྤྱོད་ཚད་མང་བས། སྒོག་ལོའི་ལྗིད་ཚད་ཡག་ཤོས་བྱུང་ན་5gཙམ་ཡིན་དགོས། སྒོག་ལོ་ཆུང་བའི་དེ་རིགས་སྒོག་མྱུག་འདེབས་པར་འཚམ་པོ་ཡོད།

གལ་སྲིད་སྒོག་སོན་ཉོ་མཁན་ཡིན་ན། མཐུན་འཕྲོད་རང་བཞིན་ལ་བསམ་གཞིག་བྱེད་དགོས་པ་དང་། ལྷག་དོན་དུ་སྒོག་སོན་སྣ་ཁ་གསར་པ་ཡིན་ན། སྔོན་ལ་ཚོད་འདེབས་དང་དེ་རྗེས་གཞི་ཁྱོན་ཆེན་པོས་བཏབ་སྟེ་ཐོན་འབབ་མི་ཆག་པར་བྱེད་དགོས།

ས་ཞིང་འདེམས་པ།

སྒོག་པའི་རྩ་བ་ནི་རྒྱུད་སྐུད་འདྲ་བའི་སྨ་ར་ཅན་གྱི་རྩ་བ་ཡིན་པ་དང་། རྩ་བ་ཆུང་ཞིང་ཨ་ར་ཉུང་བའི་ཆུ་དང་ལུད་བཅུད་ལེན་པའི་ནུས་པ་ཞན་པོ་ཡོད། དེར་བརྟེན་སྒོག་པ་འདེབས་སའི་ས་ཞིང་ཡག་སྡུག་གིས་སྒོག་པའི་སྐྱེ་འཚར་དང་ཐོན་འབབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། སྤྱིར་ན་ས་རྒྱུ་སྦོལ་བ་དང་། ཆུ་འབུད་ནུས་ལེགས་པ། ས་རྒྱུ་གཤིན་པའི་བྱེ་ས་ཡག་ཤོས་རེད། སྒོག་པ་འདེབས་སྐབས་བསྐྱར་འདེབས་བྱེད་པའམ་ཡང་ན་ཙོང་སྒོག་རིགས་གཞན་དག་དང་རེས་འདེབས་བྱ་རྒྱུ་མེད། ཙོང་སྒོག་རིགས་ཀྱི་ནད་འབུའི་གནོད་འཚེ་ཐོན་ཚུལ་ཕན་ཚུན་འདྲ་པོ་ཡོད་པས་སྔོན་ལ་ཨ་ཤོམ་དང་། འབྲས་བུ་བཏགས་པའི་སྔོ་ཚལ་སོགས་བཏབ་ན་ཡག་ཤོས་རེད།

སྒོག་པའི་རྩ་བ་སྤྱིར་ན་ས་རྒྱུའི་ལི་སྨི་0ནས་20བར་ཁྱབ་པ་དང་ས་རྒྱུ་ལེགས་བཅོས་བྱེད་སྐབས་ལི་སྨི་20ནས་25བར་ལས་རྨོ་མི་དགོས། ས་རྒྱུ་ལེགས་བཅོས་མ་བྱས་གོང་སྔོན་ལ་ཞིང་ནང་གི་སྐྱེ་དངོས་རྩ་བ་ལྷག་འཕྲོ་རྣམས་གཙང་སེལ་བྱེད་དགོས། གལ་སྲིད་སོག་མ་ཡོད་ན། ས་སློག་རྒྱག་པ་དང་། ས་རྒྱུ་ཉི་སྐམ་གཏོང་བ། སོག་མ་རུལ་དུ་འཇུག་པ་བཅས་བྱས་རྗེས་གཞི་ནས་སྒོག་པ་འདེབས་དགོས།