芹菜在生长中的管理主要包括芹生长期管理和环境的管理。生长期管理:在芹菜苗长到3片真叶时,按13厘米的株距匀苗定苗。及时中耕除草,长到了5片真叶时,开始浇水,经常保持地面湿润,适时喷施新高脂膜800倍液保温保墒,防止水分蒸发,在叶柄10厘米长 时开始追肥,每亩追碳铵10公斤左右,在25厘米长时冉每亩追碳铵15公斤,每次追肥后要及时浇水,促进生长,在芹菜生长期适时喷施壮茎灵可使植物杆茎粗壮、叶片肥厚、叶色鲜嫩、植株茂盛,天然品味浓。同时可提升抗灾害能力,减少用量,降低残毒。当叶柄长40厘米左右时,及时收获。环境管理:在播种初期,由于外界气温尚高,要加强通风气,将温度控制在18°C一20°C之间。在进入12月份后,外界气温变冷,可适当早盖苫,以提高温室中的温度,使温度保持到20°C左右。芹菜为喜湿作物,在栽培过程中,应经常保持地面湿润。芹菜对光照要求不严,适当的弱光有利于芹菜生长,每天光照时间在6-9小时即可。
芹菜生长期管理有措施
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།
发布时间:2022-09-08
ཇིན་ཚལ་སྐྱེ་འཚར་དུས་ལ་གཡོག་བྱེད་བྱ་ཐབས་ལ་གཙོ་བོ་སྐྱེ་འཚར་དུས་ཀྱི་གཡོག་བྱེད་དང་ཁོར་ཡུག་གི་དོ་དམ་གཉིས་ཡོད། སྐྱེ་འཚར་དུས་ཀྱི་གཡོག་བྱེད་ནི། ཇིན་ཚལ་མྱུ་གུར་ལོ་མ་3དོན་སྐབས་ལྗང་རྐང་གི་བར་མཚམས་ལི་སྨི་13གཞིར་བཟུང་མྱུ་གུ་གསེབ་འཕྲལ་གཏོང་དགོས། དུས་ཐོག་ཏུ་ཡུར་མ་བརྒྱབ་ནས་རྩྭ་ངན་བཏུས་ཏེ་ལོ་མ་5དོན་སྐབས་ཆུ་རྒྱག་དགོས་པ་དང་། རྟག་ཏུ་ས་ངོས་ལ་བཞའ་ཚན་ཡོད་པར་བྱས་ཏེ་ཚི་སྐྱིའི་གཤེར་ཁུ་ཆུ་དང་བསྲེས་ནས་དུས་བསྟུན་བརྒྱབ་སྟེ་བཞའ་ཚན་མ་ཤོར་བ་བྱེད་དགོས། ལོ་མའི་ཡུ་བ་ལི་སྨི་10ཟིན་སྐབས་ཁ་ལུད་མུའུ་རེར་སྤྱི་རྒྱ་10ཡས་མས་རྒྱག་དགོས་པ་དང་། ལི་སྨི་25ཟིན་སྐབས་མུའུ་རེར་ཁ་ལུད་སྤྱི་རྒྱ་15གཞིར་བཟུང་རྒྱག་དགོས་ཤིང་། ཁ་ལུད་བརྒྱབ་ཐེངས་རེར་དུས་ཐོག་ཏུ་ཆུ་བརྒྱབ་ནས་སྐྱེ་འཚར་ཡོང་བར་བྱེད་དགོས། ཇིན་ཚལ་སྐྱེ་འཚར་དུས་སུ་སྡོང་རྐང་རྒྱས་སྨན་འོས་འཚམ་བརྒྱབ་ན་རྩི་ཤིང་གི་སྡོང་རྐང་སྦོམ་དུ་དང་། ལོ་མ་མཐུག་ཏུ། ལོ་མདོག་གསར་ཞིང་སྙི་བ། སྡོང་རྐང་ལོ་འདབ་རྒྱས་པ། ལྷད་མེད་བྲོ་བ་ལྡན་པ་བཅས་ཡོང་ཐུབ། དེ་དང་ཆབས་ཅིག་གནོད་པ་འགོག་ནུས་ཆེ་རུ་གཏོང་ཐུབ་ཅིང་། སྤྱོད་ཚད་ཉུང་དུ་བཏང་ན་དུག་རོ་ཆུང་དུ་གཏོང་ཐུབ། ལོ་མའི་ཡུ་བ་ལི་སྨི་40ཡས་མས་ཟིན་སྐབས་དུས་ཐོག་ཏུ་འཐུ་དགོས། ཁོར་ཡུག་དོ་དམ་ནི། བཏབ་མ་ཐག་པའི་སྐབས་སུ་ཕྱི་རོལ་དུ་དྲོད་ཚད་ཅུང་མཐོ་བས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་18ནས་20བར་ཚོད་འཛིན་བྱེད་དགོས། ཟླ་12པར་སླེབས་རྗེས་ཕྱི་རོལ་དུ་དྲོད་ཚད་ཆག་འགྲོ་བས་སྔ་ཙམ་ཕྱིང་ཁེབས་གཡོགས་ན་དྲོད་ཁང་ནང་ལོགས་ཀྱི་དྲོད་ཚད་བསྲུངས་ཏེ་ཧྲེ་ཧྲི་ཏུའུ་20ཡས་མས་རྒྱུན་འཁྱོངས་ཐུབ། ཇིན་ཚལ་ནི་བཞའ་ཚན་ལ་དགའ་བའི་སྔོ་ཚལ་ཞིག་ཡིན་པས་འདེབས་གསོ་བྱེད་སྐབས་ས་ངོས་རློན་པ་ཡིན་དགོས། ཇིན་ཚལ་ལ་འོད་དེ་ཙམ་ཡག་པོ་མ་བྱུང་ནའང་སྐྱེ་འཚར་ལ་ཕན་ཐོགས་ཡོད་པ་དང་། ཉིན་ལྟར་འོད་འཕྲོ་བའི་དུས་ཚོད་ཆུ་ཚོད་6ནས་9བར་ཟིན་ན་འགྲིག