西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

干旱预警信号种类与含义
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2021-04-21

干旱预警信号有哪些

干旱预警信号分二级,分别以橙色、红色表示。干旱指标等级划分,以国家标准《气象干旱等级》(GB/T20481-2006)中的综合气象干旱指数为标准。 

干旱橙色预警信号

信号含义:

预计未来一周综合气象干旱指数达到重旱(气象干旱为25~50年一遇),或者某一县(区)有40%以上的农作物受旱。

防御指南:

有关部门和单位做好防御干旱的应急工作;

启用应急备用水源,调度辖区内一切可用水源,优先保障城乡居民生活用水和牲畜饮水;

压减城镇供水指标,优先经济作物灌溉用水,限制大量农业灌溉用水;

限制非生产性高耗水及服务业用水,限制排放工业污水;

适时开展人工增雨作业。 

干旱红色预警信号

信号含义:

预计未来一周综合气象干旱指数达到特旱(气象干旱为50年以上一遇),或者某一县(区)有60%以上的农作物受旱。

防御指南:

有关部门和单位做好防御干旱的应急和救灾工作;

采取应急供水措施,确保城乡居民生活和牲畜饮水;

限时或者限量供应城镇居民生活用水,缩小或者阶段性停止农业灌溉供水;

严禁非生产性高耗水及服务业用水,暂停排放工业污水;

适时加大人工增雨作业力度。



ཐན་པའི་སྔོན་བརྡར་བརྡ་རྟགས་གང་དག་ཡོད་དམ། 

ཐན་པའི་སྔོན་བརྡའི་བརྡ་རྟགས་ནི་ལི་ཝང་དང་དམར་པོ་རིམ་པ་གཉིས་སུ་དབྱེ་ཡི་ཡོད། ཐན་པའི་དམིགས་ཚད་རིམ་པའི་དབྱེ་བ་ནི་རྒྱལ་ཁབ་ཀྱི་ཚད་གཞིའི《གནམ་གཤིས་ཀྱི་ཐན་པའི་རིམ་པའི》〔GB/T20481-2006〕ཁྲོད་ཀྱི་ཕྱོགས་བསྡུས་གནམ་གཤིས་སྟོན་གྲངས་ཚད་གཞིར་འཛིན་གྱི་ཡོད། 

ཐན་པའི་སྔོན་བརྡའི་བརྡ་རྟགས་ལི་ཝང་། 

བརྡ་རྟགས་ཀྱི་གོ་དོན། 

སྔོན་དཔག་བྱས་ན་མ་འོངས་གཟའ་འཁོར་གཅིག་ནང་ཕྱོགས་བསྡུས་གནམ་གཤིས་ཀྱི་ཐན་པའི་སྟོན་གྲངས་དེ་ཚབས་ཆེའི་ཐན་པ(གནམ་གཤིས་ཀྱི་ཐན་པ་དེ་ལོ་25ནས་50བར་ཐེངས་རེ་འཕྲད་སྲིད་པ)བསྟན་རྒྱུར་སླེབས་པའམ་ཡང་ན་རྫོང(ཆུས)ག་གེ་མོ་ཞིག་གི་ཞིང་ལས་ལོ་ཏོག་40%ཡན་ལ་ཐན་པ་བསྟན་རྒྱུ་ཡིན་པར་ཟེར། 

འགོག་ཟོན་བྱ་ཐབས། 

འབྲེལ་ཡོད་སྡེ་ཚན་དང་ཚན་པས་ཐན་པ་འགོག་པའི་འཕྲལ་སྡོམ་ལས་དོན་ཡག་པོ་སྒྲུབ་དགོས། 

འཕྲལ་སྡོམ་གྲབས་གསོག་གི་ཆུ་ཁུངས་སྤྱོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱོད་ཆོག་པའི་ཆུ་ཁུངས་ཚང་མ་བཀོད་སྒྲིག་བྱས་ཏེ་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་སྤྱོད་པའི་ཆུ་དང་སྒོ་ཕྱུགས་ཀྱི་འཐུང་ཆུ་འགན་ལེན་བྱེད་དགོས། 

གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་གྱི་དམིགས་ཚད་ཉུང་དུ་བཏང་སྟེ་སྔོན་ལ་དཔལ་འབྱོར་སྐྱེ་དངོས་ཐད་སྤྱོད་པ་དང་ཞིང་ལས་ཐད་ཆུ་འབོར་ཆེན་སྤྱོད་རྒྱུར་ཚད་བཀག་བཟོ་དགོས། 

ཐོན་སྐྱེད་རང་བཞིན་མ་ཡིན་པའི་ཆུ་ཟད་གྲོན་ཆེན་པོ་དང་ཞབས་ཞུའི་ལས་རིགས་ཀྱི་ཆུ་ལ་ཚད་བཀག་བཟོ་བ་དང་བཟོ་ལས་ཀྱི་བཙོག་ཆུ་འབུད་གཏོང་ལ་ཚད་བཀག་བཟོ་དགོས། 

བབ་བསྟུན་ངང་མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་དགོས། 

ཐན་པའི་སྔོན་བརྡའི་བརྡ་རྟགས་དམར་པོ། 

བརྡ་རྟགས་ཀྱི་གོ་དོན། 

སྔོན་དཔག་བྱས་ན་མ་འོངས་གཟའ་འཁོར་གཅིག་ནང་ཕྱོགས་བསྡུས་གནམ་གཤིས་ཀྱི་ཐན་པ་བསྟན་པའི་སྟོན་གྲངས་དེ་ཧ་ཅང་ཚབས་ཆེའི་ཐན་པ(ཐན་པ་བསྟན་ཚད་དེ་ལོ་50ཡན་ལ་ཐེངས་རེ་འཕྲད་སྲིད་པ)བསྟན་པར་སླེབས་རྒྱུའམ་ཡང་ན་རྫོང(ཆུས)ག་གེ་མོ་ཞིག་གི་ཞིང་ལས་ལོ་ཏོག་60%ཡན་ལ་ཐན་པ་བསྟན་རྒྱུ་ཡིན་པར་ཟེར། 

འགོག་ཟོན་བྱ་ཐབས། 

འབྲེལ་ཡོད་སྡེ་ཚན་དང་ཚན་པས་ཐན་པ་འགོག་པའི་འཕྲལ་སྡོམ་དང་གེགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས། 

ཆུ་མཁོ་འདོན་གྱི་འཕྲལ་སྡོམ་བྱ་ཐབས་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་སྤྱོད་པའི་ཆུ་དང་སྒོ་ཕྱུགས་ཀྱི་འཐུང་ཆུ་འགན་ལེན་ཏན་ཏིག་བྱེད་དགོས། 

གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཚོ་བར་སྤྱོད་པའི་ཆུར་དུས་བཀག་གམ་ཡང་ན་ཚད་བཀག་བཟོ་བ་དང་ཞིང་སྤྱོད་ཆུ་ཉུང་དུ་གཏོང་བའམ་ཡང་ན་དུས་རིམ་རང་བཞིན་གྱི་ཆུ་གཏོང་མཚམས་འཇོག་དགོས། 

ཐོན་སྐྱེད་རང་བཞིན་མ་ཡིན་པའི་ཆུ་ཟད་གྲོན་ཆེན་པོ་དང་ཞབས་ཞུའི་ལས་རིགས་ཀྱི་ཆུ་གཏན་འགོག་བྱེད་པ་དང་བཟོ་ལས་ཀྱི་བཙོག་ཆུ་འབུད་གཏོང་ལ་ཚད་བཀག་བཟོ་དགོས། 

བབ་བསྟུན་ངང་མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་དགོས།