西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

应对气候变化
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2021-08-09

联合国粮农组织日前发表的一份文件说,农业固碳是应对气候变化的有效途径,也将有助于保证粮食安全。

这份题为《农业收获的多重好处》的文件指出,一些农业实践可以起到在土壤中固碳的效果。这些方法包括减少耕作、利用各类残渣堆肥、种植多年生作物覆盖土壤、改善牧场草场管理以及发展农林业,这些措施不会对农业和耕地造成影响,同时能达到将大气中的碳转移到土壤和植被中的效果。

文件强调,有助于减轻气候变化影响的农业实践往往也能起到增强农业生产力、保证粮食安全的效果。通过降低、转移碳排放,农业可以成为应对气候变化的重要领域,其中70%的农业减排将会在发展中国家实现。



མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་ཤས་གོང་བཀྲམ་པའི་ཡིག་ཆ་ཞིག་གི་ནང་། ཞིང་ལས་ལ་བརྟེན་ནས་ས་རྒྱུའི་ཁྲོད་ཐཱན་འདུས་ཚད་མང་དུ་གཏོང་བ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། དེས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པར་ཡང་ཕན་ཐོགས་ཡོད་ཅེས་འཁོད་ཡོད། 

《ཞིང་ལས་ཐོན་འབབ་ཀྱི་དགེ་མཚན་སྣ་མང》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆ་དེའི་ནང་། ཞིང་ལས་བྱེད་སྟངས་ཁག་གཅིག་གིས་ས་རྒྱུའི་ཁྲོད་ཐཱན་འདུས་ཚད་མང་དུ་གཏོང་ཐུབ་པ་སྟེ། དེ་ཡང་ཞིང་ལས་བྱེད་སྟངས་

དེ་དག་ནང་རྨོ་འདེབས་ཉུང་དུ་གཏོང་བ་དང་། ལུད་སྙིགས་སྣ་ཚོགས་བེད་སྤྱོད་བྱེད་པ། ལོ་མང་སྐྱེ་བའི་ལོ་ཏོག་གི་སོན་ཞིང་ཁར་ལེབ་འདེབས་བྱེད་པ། འབྲོག་རའི་རྩྭ་ར་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་དང་དེ་བཞིན་ཞིང་ལས་དང་ནགས་ལས་འཕེལ་རྒྱས་གཏོང་བ་སོགས་ཚུད་ཡོད། བྱེད་ཐབས་དེ་དག་གིས་ཞིང་ལས་དང་རྨོ་ཞིང་ལ་ཤུགས་རྐྱེན་མི་ཐེབས་པ་མ་ཟད། རླུང་ཁམས་ཆེ་མོའི་ཁྲོད་ཀྱི་ཐཱན་དེ་དག་ས་རྒྱུ་དང་རྩྭ་རྩི་ཤིང་ཁྲོད་ཁྱབ་པའི་ནུས་པ་ཐོན་ཐུབ་ལུགས་འཁོད་ཡོད། 

ཡིག་ཆའི་ནང་ད་དུང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུར་ཕན་པ་ཡོད་པའི་ཞིང་ལས་བྱེད་སྟངས་ཀྱིས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཐུབ། ཐཱན་འབུད་ཚད་ཉུང་དུ་གཏོང་བ་དང་གཞན་སྒྱུར་བྱེད་པ་བརྒྱུད། ཞིང་ལས་དེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་ནང་ཞིང་ལས་ལ་བརྟེན་ནས་བཙོག་འབུད་ཉུང་གཏོང་བྱེད་སྟངས་70%དེ་དག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་མངོན་འགྱུར་ཐུབ་བྱ་རྒྱུ་ཡིན་པ་ནན་བཤད་བྱས་ཡོད།