掌握科学方法,是公民必须具备的科学素质。我们在工作、学习和生活中都会遇到问题,如何形成对问题的理性认识,找到问题的答案,提出解决问题切实可行的方案?学习科学方法能得到有益的启发,给我们的工作、学习和生活带来便利。
例如,现在我们都注重养生,如何做到饮食合理健康、均衡营养?这需要调查,确定不同的年龄、性别、身高、体重、劳动强度对食物的不同需求量和不同的搭配,制定合理的膳食制度,经过一段时间的观测,看取得的效果,再进行调整。又如,我们怎样有效地锻炼身体?这必须遵循科学锻炼的规律,要了解各人身体健康的各项指标,确定不同的运动量,选择适宜的锻炼内容和方法,制定适合的锻炼计划,持之以恒,才能取得最佳效果。再如,个人怎么理财?理财涉及的方法主要有两方面:一是对人生的不同阶段的具体问题做具体分析,选择不同的理财策略;二是对于各种理财的方式进行比较,做出选择。再如,我们怎么提高警惕破除迷信?科学方法提示我们,在识别迷信时,一看能否被检验,迷信从来不可能被真正地检验,它们找各种借口回避检验;二看结果能否重复,科学结论在一定的条件下都能再现,而迷信一会儿是这样的结果,一会儿是那样的结果,有时得到的结果互相矛盾。
ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་ནི། སྤྱི་དམངས་ལ་ངེས་པར་དུ་འཛོམས་དགོས་པའི་ཚན་རིག་དང་མཐུན་པའི་བྱང་ཚད་ཅིག་ཡིན། ང་ཚོའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད་དུ་གནད་དོན་འཕྲད་སྲིད་པས། གང་འདྲ་བྱས་ཏེ་གནས་ཚུལ་ལ་དཔྱོད་ཤེས་ཀྱི་ངོས་འཛིན་བྱ་རྒྱུ་དང་། གནད་དོན་ཐག་གཅོད་ཀྱི་འདྲི་ལན་འཚོལ་རྒྱུ། གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་ཆོག་པའི་བྱེད་ཐབས་འདོན་པ་བཅས་ལ་ཚན་རིག་དང་མཐུན་པའི་བྱེད་ཐབས་སློབ་སྦྱོང་བྱ་རྒྱུར་ཕན་ཡོད་ཀྱི་བློ་སྒོ་འབྱེད་ཐུབ་པ་མ་ཟད། ང་ཚོའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་སྟབས་བདེ་སྤྲོད་ཐུབ།
ད་ཆ་ང་ཚོ་ཚང་མས་ལུས་གསོར་དོ་སྣང་བྱེད་ཀྱི་ཡོད། གང་འདྲ་བྱས་ཏེ་བཟའ་བཏུང་ལུགས་མཐུན་བདེ་ཐང་དང་འཚོ་བཅུད་དོ་མཉམ་བྱེད་དགོས་སམ། དེར་བརྟག་དཔྱད་བྱེད་དགོས་ལ། ལོ་མི་འདྲ་བ་དང་། ཕོ་མོ། གཟུགས་པོའི་རིང་ཚད། གཟུགས་པོའི་ལྗིད་ཚད། ངལ་རྩོལ་ཆེ་ཆུང་བཅས་ཀྱིས་བཟའ་བཅའི་མང་ཉུང་གི་ཚད་གཞི་དང་སྦྱོར་རྟ་མི་འདྲ་བ་གཏན་འཁེལ་བྱེད་པ་དང་ལུགས་མཐུན་ངང་བཟའ་བཅའ་ཟ་སྟངས་གཏན་འཁེལ་བྱེད་ཀྱི་ཡོད། ལྟ་ཞིབ་ཚད་ལེན་གང་ཙམ་བྱས་པ་བརྒྱུད། ཕན་འབྲས་ལ་གཞིགས་ནས་སླར་ཡང་ལེགས་སྒྲིག་བྱེད་དགོས། ང་ཚོས་གང་འདྲ་བྱས་ཏེ་གཟུགས་པོར་སྦྱོང་བརྡར་བྱེད་དགོས་སམ། ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་བརྡར་གྱི་ཆོས་ཉིད་ལ་བསྟུན་དགོས་ལ། མི་སོ་སོའི་གཟུགས་པོའི་གནས་ཚུལ་ཤེས་པ་བྱས་ནས་ལུས་རྩལ་གྱི་གྲངས་ཚད་གཏན་འཁེལ་བྱེད་དགོས། རང་ཉིད་ལ་འཚམ་པའི་སྦྱོང་བརྡར་གྱི་ནང་དོན་དང་བྱེད་ཐབས་འདེམས་པ་དང་རང་ཉིད་དང་འཚམ་པའི་སྦྱོང་བརྡར་འཆར་གཞི་བཟོས་ནས་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་ཕན་འབྲས་བཟང་པོ་ཐོབ་ཐུབ། མི་སྒེར་གྱིས་གང་འདྲ་བྱས་ཏེ་རྒྱུ་ནོར་བདག་གཉེར་བྱེད་དགོས་སམ། རྒྱུ་ནོར་བདག་གཉེར་དང་འབྲེལ་བའི་བྱེད་ཐབས་གཙོ་བོ་གཤམ་གསལ་ཕྱོགས་གཉིས་ཡོད་པ་སྟེ། གཅིག་ནས་མི་ཚེའི་དུས་མཚམས་མི་འདྲ་བའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་དབྱེ་ཞིབ་ཞིབ་ཚགས་དང་རྒྱུ་ནོར་བདག་གཉེར་ཐབས་ཇུས་མི་འདྲ་བ་འདེམས་དགོས། གཉིས་ནས་རྒྱུ་ནོར་བདག་གཉེར་གྱི་བྱེད་ཐབས་སྣ་ཚོགས་ཕན་ཚུན་བསྡུར་ནས་གདམ་ག་བྱེད་དགོས། ང་ཚོས་གང་འདྲ་བྱས་ཏེ་རྨོངས་དད་ལ་དོགས་ཟོན་བྱེད་དགོས་སམ། ཚན་རིག་དང་མཐུན་པའི་བྱེད་ཐབས་ཀྱིས་ང་ཚོར་རྨོངས་དད་ཡིན་མིན་དབྱེ་འབྱེད་བྱེད་སྐབས་གཅིག་ནས་ཞིབ་བཤེར་ཐུབ་མིན་ལ་ལྟ་དགོས། རྨོངས་དད་ཀྱི་དངོས་འབྲེལ་ཞིབ་བཤེར་བྱེད་མི་ཐུབ། རྨོངས་དད་ཀྱིས་ཁ་སྣ་ཚོགས་གཡར་ནས་ཞིབ་བཤེར་ལས་གཡོལ་གྱི་ཡོད། གཉིས་ནས་འབྲས་བུ་བསྐྱར་ཟློས་བྱེད་མིན་ལ་ལྟ་དགོས། ཚན་རིག་དང་མཐུན་པའི་བསྡོམས་ཚིག་དེ་ཆ་རྐྱེན་ངེས་ཅན་ཁྲོད་སླར་ཡང་མངོན་གྱི་ཡོད། འོན་ཀྱང་རྨོངས་དད་ཀྱི་མཇུག་འབྲས་ནི་དེ་རིང་དེ་འདྲ་དང་སང་ཉིན་དེ་འདྲ་ཡིན་པ་དང་སྐབས་འགར་མཇུག་འབྲས་ཕན་ཚུན་འགལ་ཟླ་ཡིན།