新手爸妈常会担心宝宝头发稀疏,希望宝宝长大后会有一头健康、浓密的头发。有人说,胎毛越剪越密,即经常给宝宝剃头可以让宝宝的头发变得浓密。这种说法有科学依据吗?爸妈应该给宝宝剃胎毛吗?
胎毛越剪越密的说法是错误的。因为头发稀疏还是浓密和头皮上所具有的毛囊及毛孔有关系,宝宝头发生长的快慢、头发的粗细、稀疏浓密等是受到多种因素影响,比如父母遗传因素、宝宝营养状况、生长发育水平等。大多数情况下,父母头发浓密,宝宝出生后头发也会浓密一些。正常情况下,足月新生儿出生时,头皮毛孔及毛囊发育成熟,数目相对恒定。头发每日生长大约0.3毫米,3天长1毫米左右。维生素的多少、阳光照射时间长短等也对毛发生长速度有一定的影响。而剃胎毛只会使得原有头发变短,并不会使得毛囊及毛孔增多,当然也并不会让头发越来越密。
既然剃胎毛不会让宝宝头发更浓密,那我们该如何改善宝宝头发稀疏的问题呢?
1.晒太阳。多晒晒太阳也是可以促进头皮的发育和头发的生长。
2.常梳头。经常梳头可以促进脑部的血液循环,助于头皮的新陈代谢,能起到很好的养发作用,尤其是对于刚刚出生的小宝宝。妈妈们不妨每天定时给宝宝用专用的梳子梳梳头。
3.保证充足的睡眠。充足的睡眠是孩子健康成长发育的保证,也是头发健康生长的基础,所以一定要保证宝宝有充足的睡眠,特别是刚出生到三个月的宝宝。
那么,什么情况下该给宝宝剃胎毛呢?成都市妇女儿童中心医院儿童保健指导中心主任章岚说,如果宝宝出生时头发浓密,且正好是炎热的夏季,为防止湿疹或已经长湿疹,建议将宝宝的头发剃短,但不赞成剃光头,“已经长了湿疹的头皮不要剃刮,否则更易感染。”此外,章岚建议,如果家长真的要给宝宝剃头发,最好等宝宝满6个月后。(谢龙)
本文由中国人民解放军总医院第一附属(304)医院八一大楼门诊部主任彭国球进行科学性把关。
ཕ་མ་གསར་པ་ཚོས་རང་གི་བུ་ཕྲུག་གི་སྐྲའི་མཐུག་ཚད་ལ་སེམས་ཁྲལ་ཡང་ཡང་བྱ་ཡི་ཡོད། ཕ་མ་གཉིས་པོའི་རེ་བར་བུ་ཕྲུག་ཡར་འཚར་རྗེས་སྐྲ་ནག་ཅིང་སྣུམ་པ་ཞིག་སྐྱེས་ན་བསམ་ཀྱི་ཡོད། མི་འགའ་ཞིག་གིས་བཤད་སྒྲོས་ལ་ཕྲུ་གུའི་སྐྱེ་སྐྲ་ཇི་ཙམ་གྱིས་མང་བ་བྲེག་ན་དེ་ཙམ་གྱིས་མང་བ་སྐྱེ་བ་ཡིན་ཟེར་གྱི་ཡོད། འོ་ན་བཤད་སྒྲོས་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་ནམ། ཕྲུ་གུའི་ནུ་སྐྲ་བྲེག་ན་ཆོག་གམ།
དོན་དངོས་སུ་སྐྱེ་སྐྲ་ཇི་ཙམ་མང་བ་བྲེག་ན་དེ་ཙམ་གྱིས་མང་བ་སྐྱེ་བ་ཡིན་ཟེར་བའི་བཤད་སྒྲོས་དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ཕྲུ་གུའི་སྐྲའི་མཐུག་ཚད་དེ་མགོ་པགས་སྟེང་ཡོད་པའི་བ་སྤུ་དང་དེའི་ཆེ་ཆུང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ལ། གཞན་ད་དུང་ཕྲུ་གུའི་སྐྲའི་སྐྱེ་མགྱོགས་ཚད་དང་སྦོམ་ཕྲ། མཐུག་ཚད་སོགས་ནི་ཕ་མའི་རྒྱུད་པ་དང་། ཕྲུ་གུར་འཚོ་བཅུད་གདང་མིན། སྐྱེ་འཕེལ་གྱི་ཆུ་ཚད་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྤྱིའི་ཆ་ནས་བཤད་ན་ཕ་མའི་སྐྲ་མཐུག་པོ་ཡོད་ན་ཕྲུ་གུའི་སྐྲ་ཡང་དེ་ཙམ་གྱིས་མཐུག་པ་ཡོད། རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན་ཟླ་བ་ལོངས་ནས་སྐྱེས་པའི་ཕྲུ་གུའི་མགོ་པགས་ཀྱི་བ་སྤུ་དང་བ་སྤུའི་ཁུང་བུའི་སྐྱེ་འཚར་སྨིན་ཟིན་ལ་དེའི་ཁ་གྲངས་ཀྱང་སྤྱིར་གཏན་ཁེལ་བ་ཞིག་ཡིན། དེས་ན་ཕྲུ་གུའི་སྐྲའི་སྐྱེ་ཚད་ནི་ཉིན་རེར་ཧའོ་རྨིད་0.3དང་ཉིན་གསུམ་ལ་ཧའོ་རྨིད་1གཡས་གཡོན་སྐྱེ་ཡི་ཡོད། གཞན་འཚོ་རྒྱུ་དང་ཉི་འོད་ཕོག་པའི་ཡུན་རིང་ཐུང་སོགས་ཀྱིས་ཀྱང་ཕྲུ་གུའི་སྐྲའི་སྐྱེ་མགྱོགས་མྱུར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། འོན་ཀྱང་སྐྱེ་སྐྲ་བྲེག་པས་ཕྲུ་གུའི་སྔར་ཡོད་ཀྱི་སྐྲ་ཐུང་དུ་འགྲོ་བ་ཙམ་ལས་བ་སྤུ་དང་བ་སྤུའི་ཁུང་བུ་ཇེ་མང་དུ་འགྲོ་མི་སྲིད་ལ་ཕྲུ་གུའི་སྐྲ་མཐུག་ཏུ་ཡང་འགྲོ་མི་སྲིད་དོ།།
དེ་འདྲ་ཡིན་དུས་སུ་ང་ཚོས་གང་འདྲ་བྱས་ནས་ཕྲུ་གུར་སྐྲ་ཉུང་ཉུང་ལས་མེད་པའི་གནས་ཚུལ་དེ་ཐག་གཅོད་བྱ་དགོས་སམ་ཞེ་ན།
1.ཉི་མ་མང་ཙམ་བསྲོ་དགོས། ཉི་མ་མང་ཙམ་བསྲོ་ན་མགོ་པགས་ཀྱི་སྐྱེ་འཕེལ་དང་སྐྲའི་སྐྱེ་ཚད་ལ་ཕན་ཐོགས་ཡོད།
2.རྒྱུན་དུ་སྐྲ་ཤད་དགོས། རྒྱུན་དུ་སྐྲ་ཤད་ན་ཀླད་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བ་མ་ཟད་མགོ་པགས་ཀྱི་རྙིང་འདོར་གསར་ལེན་གྱི་ནུས་པ་ཡང་ཇེ་ལེགས་སུ་འགྲོ་བས་དེས་ཕྲུ་གུའི་སྐྲའི་སྐྱེ་འཕེལ་གྱི་ཐད་ལ་ཕན་ཐོགས་ཆེན་པོ་ཐོན་གྱི་ཡོད། དེས་ན་ཨ་མ་རྣམས་ཀྱིས་ད་ལྟ་བཙས་མ་ཐག་པའི་ཕྲུ་གུར་ཆེད་སྤྱོད་ཀྱི་སོ་མང་བེད་སྤྱད་ནས་ཉིན་ལྟར་དུས་བཀག་ངང་ཕྲུ་གུའི་སྐྲ་ཤད་ཙམ་ཤད་ཙམ་གནང་ན་ཤིན་ཏུ་བཟང་།
3.གཉིད་འདང་བར་འགན་ལེན་བྱེད་དགོས། ཕྲུ་གུར་གཉིད་འདང་བ་ཞིག་བྱ་རྒྱུ་དེ་ནི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་ཡིན་ལ་ཕྲུ་གུར་སྐྲ་ཡག་པོ་ཞིག་སྐྱེ་བའི་རྨང་གཞིའི་ཆ་རྐྱེན་ཡང་ཡིན། དེར་བརྟེན་ངེས་པར་དུ་ཕྲུ་གུར་གཉིད་འདང་ངེས་ཤིག་ཉལ་རྒྱུ་ཡོད་པ་བྱ་དགོས་ལ་ལྷག་པར་དུ་བཙས་ནས་ཟླ་བ་གསུམ་ཙམ་ལས་ཕྱིན་མེད་པའི་ཕྲུ་གུར་དེ་བས་ཀྱང་གཉིད་འདང་ངེས་ཤིག་ཡོང་བ་བྱ་དགོས།
བྱས་ན་གནས་ཚུལ་ཇི་འདྲ་ཞིག་གི་འོག་ཏུ་ཕྲུ་གུའི་སྐྱེ་སྐྲ་བྲེག་དགོས་སམ་ཞེ་ན། དེའི་ཐད་ལ་ཁྲེང་ཏུའུ་གྲོང་ཁྱེར་བུད་མེད་དང་བྱིས་པའི་ལྟེ་བའི་སྨན་ཁང་བྱིས་པའི་བདེ་སྲུང་ལྟེ་གནས་ཀྱི་ཀྲུའ་རེན་ཀྲང་ལན་གྱིས་དེ་ལྟར་གསུངས་ཡོད་དེ། གལ་ཏེ་བཙས་མ་ཐག་པའི་ཕྲུ་གུ་སྐྲ་མཐུག་ཅིང་ནམ་དུས་དེ་ཡང་དབྱར་ཁར་འཁེལ་ན། ཕྲུ་གུར་ཆུ་ཐོར་མི་ཐོན་པའི་ཆེད་དུ་སྐྲ་བྲེག་ནས་ཐུང་དུ་གཏོང་དགོས། འོན་ཀྱང་སྐྲ་ཚང་མ་བྲེག་མི་རུང་ལ་ཆུ་ཐོར་ཐོན་ཟིན་ན་དེ་བས་ཀྱང་གང་བྱུང་དུ་བྲེག་མི་རུང་སྟེ་ཆུ་ཐོར་འགོས་སླ་བས་ཡིན། གཞན་ད་དུང་ཁོང་གིས་ཕ་མ་རྣམས་ཀྱིས་ཡིན་གཅིག་མིན་གཅིག་ཕྲུ་གུའི་སྐྲ་བྲེག་དགོས་དགོངས་ན་ཕྲུ་གུ་ཟླ་བ་6ལོན་བར་སྒུག་ན་བཟང་ཞེས་གསུངས་སོ།།
རྩོམ་འདི་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གྱི་ཁོངས་གཏོགས་སྨན་ཁང་(304)བརྒྱད་གཅིག་ཐོག་ཁང་ཆེན་མོའི་སྒོ་བསྟེན་སྨན་ཁང་གི་ཀྲུའུ་རེན་ཧྥང་གོའོ་ཆུའུ་ཡིས་ཚན་རིག་དང་མཐུན་པའི་ཞིབ་སྤྱད་གནང་།