西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科普服务 > 答疑解惑

春天为何冻人不冻水
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2024-06-24

早春二月,我国北方的冰雪开始融化,但人们仍觉得很冷,这是为什么呢?

我们知道,地球表面的热量,几乎全部来源于太阳光,但空气直接从太阳光中吸收的能量是不多的。太阳光的能量首先被地面吸收,转化为热能,再由地面将热量传送给空气。所以,白天越是靠近地面,空气温度就越高些,冰雪在阳光照射下融化得也早一些。但冰雪在融化过程中又需要吸收空气中大量的热,这就使得在此期间,地面附近的温度不可能升得很快,以致人们仍然感到很冷。这种看起来似乎天气暖和了,而实际上人们仍然感觉相当冷的情况,在初春季节特别明显。这就是人们常说的“春天冻人不冻水”的道理。

在春天,我们还要谨防风寒。古语有“吃了端午粽,才把棉衣送”之说,我们不要过早过多减衣,有时还应根据天气变化适时加衣才能平安度过春寒。



དཔྱིད་ཟླ་གཉིས་པར། རང་རྒྱལ་བྱང་ཕྱོགས་ཀྱི་གངས་འཁྱག་བཞུར་འགོ་ཚུགས་ཀྱི་ཡོད་ནའང་།   མི་རྣམས་ཀྱི་ཚོར་སྣང་ལ་ད་རུང་གྲང་བའི་སྣང་བ་བྱིན་གྱི་ཡོད་པས།  དེའི་རྒྱུ་མཚན་གང་ཡིན་ནམ། 

ང་ཚོས་ཤེས་གསལ་ལྟར།   སའི་གོ་ལའི་ཕྱི་ངོས་ཀྱི་ཚ་ཚད་ཕལ་ཆེ་བའི་འབྱུང་ཁུངས་ཉི་མའི་འོད་ཡིན་རུང་།   འོན་ཀྱང་།   མཁའ་རླུང་གིས་ཉི་མའི་འོད་ལས་ཐད་ཀར་བསྡུ་ལེན་བྱེད་པའི་ནུས་ཚད་མང་པོ་མིན།    ཉི་མའི་འོད་ཀྱི་ནུས་ཚད་དང་ཐོག་ས་ངོས་ཀྱིས་བསྡུ་ལེན་བྱས་རྗེས་ཚ་ཚད་ལ་འགྱུར་ཞིང་།   དེ་རྗེས་ས་ངོས་ཀྱིས་ཚ་ཚད་མཁའ་རླུང་ལ་འདྲེན་པ་ཡིན།    དེར་བརྟེན།   ཉིན་མོ་ས་ངོས་ཇི་ཙམ་གྱིས་བར་ཐག་ཉེ་ན་མཁའ་རླུང་གི་དྲོད་ཚད་དེ་ཙམ་གྱིས་མཐོ་བ་ཡོད་པས་གངས་འཁྱག་ལ་ཉི་འོད་ཕོག་པས་བཞུར་མགྱོགས་པ་ཡོད།   ཡིན་ཡང་།   གངས་འཁྱག་བཞུར་བའི་བརྒྱུད་རིམ་ནང་དུ་མཁའ་རླུང་ཁྲོད་ཀྱི་དྲོད་ཚད་མང་པོ་ཞིག་བསྡུ་ལེན་བྱེད་དགོས་སྟབས།   དེའི་དུས་མཚམས་སུ་ས་ངོས་ཉེ་འཁོར་གྱི་དྲོད་ཚད་མཐོ་པོ་སླེབས་མི་ཐུབ་པས་མི་རྣམས་ལ་སྔར་བཞིན་གྲང་བའི་སྣང་བ་བྱིན་གྱི་ཡོད།    དེ་ལྟ་བུ་བལྟས་ཚོད་ལ་གནམ་གཤིས་དྲོ་བ་ཡོད་ཀྱང་དོན་དངོས་སུ་མི་རྣམས་ལ་སྔར་བཞིན་གྲང་བའི་སྣང་བ་བྱིན་པའི་སྣང་ཚུལ་ནི་དཔྱིད་འགོ་ཚུགས་སྐབས་ཀྱི་དུས་ཚིགས་ལ་མངོན་གསལ་དོད་པ་ཡོད།     དེ་ནི་མི་རྣམས་ཀྱིས་རྒྱུན་དུ་བཤད་ཀྱི་ཡོད་པའི་“དཔྱིད་ཀར་མི་འཁྱག་པ་ལས་ཆུ་འཁྱག་མི་རྒྱག”པའི་གནས་ཚུལ་རེད།  

དཔྱིད་ཀར་ད་དུང་གྲང་ངར་འགོག་ཐབས་ལ་ནན་ཏན་བྱ་དགོས་ཏེ།   གནའ་བོའི་གཏམ་ལ་“སྣྲོན་ཟླའི་ཚེས་ལྔའི་ཙུང་ཙི་བཟས་རྗེས།  ད་གཟོད་སྲིང་བལ་གྱོན་གོས་བསྐྱལ་དགོས།”ཞེས་པའི་བཤད་སྒྲོས་ལྟར།  ང་ཚོས་སྔ་པོ་ནས་གྱོན་གོས་ཉུང་དུ་བཏང་མི་དྲགས་པ་མ་ཟད།  ད་དུང་སྐབས་འགར་གནམ་གཤིས་ལ་གཞིག་ནས་འོས་འཚམ་གྱིས་གྱོན་གོས་ཁ་གསབ་བྱས་ན་གཞི་ནས་བདེ་འཇགས་ངང་དཔྱིད་ཀའི་གྲང་ངར་ལས་གཡོལ་ཐུབ།