钱伟长
·严重的“偏科生”
严重偏科,数理化一塌糊涂,且家境贫寒,16岁时父亲因病逝世,在叔父扶持下继续学习。1931年,以物理5分,化学和数学一共20分但中文历史双100分的成绩进入清华大学历史系。
·中国的力学之父
从收音机里听到“九· 一八” 事件后,决定不读历史系,学造飞机大炮,转学物理系。清华开始拒绝其转学要求,但他克服了用英语听课和阅读的困难,一年后数理课程超过了70分,顺利转学物理,并在日后成为中国的力学之父。
华罗庚
·职校辍学
初中毕业后,就读上海中华职业学校,因拿不出学费而中途退学,回家帮父亲料理杂货铺,一生只有初中毕业文凭。
·著名数学家
用5年时间自学完高中和大学低年级的数学课程,1930年春在 上海《科学》杂志上发表《苏家驹之代数的五次方程式解法不能成立之理由》轰动数学界,而后进入清华大学图书馆担任馆员。华罗庚日后成为中国解析数论的创始人,发表了《堆垒素数论》《优选法》《高等数学引论》等。
周有光
·经济学达人
早年考入上海圣约翰大学专攻 经济,并在东京大学、京都大 学求学,后任职新华银行,派 驻美国和欧洲,1949年上海解 放后回国,任教复旦大学和上 海财经学院,教授经济学。
·汉语拼音之父
近50岁时半路出家,在一次参 加全国文字改革会议后被留在中 国文字改革委员会工作,并参与 制订《汉语拼音方案》,后汉语 拼音成为全国小学的必修课。 1982年,国际标准化组织通过 投票,认定《汉语拼音方案》为 拼写汉语的国际标准。
ཆན་ཝེ་ཁྲང་།
·ཚན་ཁག་རིགས་གཅིག་ལ་ཁྱད་དུ་འཕགས་པའི་སློབ་མ།
རྩིས་རིག་དང་། དངོས་ཁམས། རྫས་འགྱུར་བཅས་ཀྱི་སྦྱངས་འབྲས་ཧ་ཅང་ཞན་ལ་ཁྱིམ་ཚང་གི་འཁོས་ཀ་ཡང་ཧ་ཅང་ཞན་པོ་ཡོད། ལོ་16ལ་སླེབས་སྐབས་པ་ཕ་ནད་ཀྱི་མནར་ནས་ཚེ་ལས་འདས་པ་དང་། ཨ་ཁུའི་རྒྱབ་སྐྱོར་འོག་མུ་མཐུད་སློབ་གྲྭ་འགྲིམས། 1931ལོར་དངོས་ཁམས་ཀྱི་སྦྱངས་འབྲས་སྐར་གྲངས་5དང་། རྫས་འགྱུར་དང་རྩིས་རིག་བསྡོམས་པའི་སྦྱངས་འབྲས་སྐར་གྲངས་20ཡང་ཟིན་མེད་རུང་རྒྱ་ཡིག་དང་ལོ་རྒྱུས་གཉིས་ཀའི་སྦྱངས་འབྲས་སྐར་གྲངས་100ཡི་ཐོག་ནས་ཆིང་ཧྭ་སློབ་ཆེན་ལོ་རྒྱུས་ཚན་ཁག་ཏུ་རྒྱུགས་འཕྲོད།
·ཀྲུང་གོའི་ཤུགས་ཀྱི་རིག་པའི་ཡབ་ཆེན།
སྒྲ་སྡུད་འཕྲུལ་ཆས་ནས“དགུ་པའི་བཅོ་བརྒྱད”ཀྱི་དོན་རྐྱེན་ཐོན་པ་ཤེས་རྗེས། ལོ་རྒྱུས་ཚན་ཁག་མ་འགྲིམས་པར་གནམ་གྲུ་དང་མེ་སྒྱོགས་བཟོ་སྐྲུན་བྱེད་པའི་དངོས་ཁམས་ཚན་ཁག་ཏུ་བསྒྱུར། ཆིང་ཧྭ་སློབ་ཆེན་གྱིས་ཐོག་མར་ཁོང་གི་ཚན་ཁག་བསྒྱུར་བའི་རེ་བ་ཁས་བླངས་མེད། འོན་ཀྱང་ཁོང་གིས་དབྱིན་ཡིག་གི་སློབ་ཁྲིད་ཉན་པ་དང་དཔེ་ཀློག་གི་དཀའ་གནད་ཁྱད་བསད་བྱས་པས་ལོ་གཅིག་གི་རྗེས་སུ་ཨང་རྩིས་དང་དངོས་ཁམས་ཀྱི་ཡིག་ཚད་70ལྷག་ཙམ་བཏང་སྟེ་དངོས་ཁམས་ཚན་ཁག་ཏུ་བསྒྱུར་བའི་བསམ་འདོན་འགྲུབ་པ་མ་ཟད། མཐར་ཀྲུང་གོའི་ཤུགས་རིག་པའི་ཡབ་ཆེན་དུ་གྱུར།
ཧྭ་ལུའོ་ཀེང་།
·ལས་རིགས་སློབ་གྲྭར་འགྲོ་མཚམས་བཞག་པ།
དམའ་འབྲིང་ཐོན་རྗེས་ཧྲང་ཧའེ་ཀྲུང་ཧྭ་ལས་རིགས་སློབ་གྲྭ་འགྲིམ་པ་དང་། སློབ་ཡོན་མེད་པས་སློབ་གྲྭར་འགྲོ་མཚམས་བཞག ཁྱིམ་དུ་ལོག་ནས་ཨ་ཕར་ཙག་ཙིག་ཚོང་ཁང་གཉེར་རོགས་བྱས། ཚེ་གང་ལ་དམའ་འབྲིང་གི་རིག་གནས་ཆུ་ཚད་ལས་མེད།
གྲགས་ཅན་རྩིས་རིག་པ་མཁས་ཅན།
ལོ་5ཡི་ནང་མཐོ་འབྲིང་དང་སློབ་ཆེན་གྱི་ལོ་རིམ་དམའ་བའི་ཨང་རྩིས་སློབ་ཚན་རང་སྦྱོང་བྱས་རྗེས། 1930ལོའི་དཔྱིད་ཀར་ཧྲང་ཧའེ་ཡི《ཚན་རིག》དུས་དེབ་ཐོག《སུའུ་ཅ་ཅུས་ཀྱི་ཚབ་རྩིས་ཀྱི་ཐབས་ལྔའི་མཉམ་བྱའི་འགྲེལ་ཐབས་མི་གྲུབ་པའི་རྒྱུ་མཚན》ཞེས་པ་སྤེལ་བས་རྩིས་རིག་ལས་རིགས་སུ་སྙན་པའི་གྲགས་པ་ཁྱབ། དེ་རྗེས་ཆིང་ཧྭ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ལས་དོན་པའི་ལས་འགན་ཁུར། ཕྱིས་སུ་ཧྭ་ལོའུ་ཀེང་ཀྲུང་གོའི་གྲངས་ཀའི་གནས་ལུགས་ཀྱི་རྣམ་གཞག་གཏོད་པར་གྱུར་ཏེ།《ཕུང་ལེ་སུའུ་གྲངས་ཀྱི་རྣམ་གཞག》དང་།《ལེགས་འདེམས་བྱེད་ཐབས》《མཐོ་གྲས་རྩིས་རིག་མདོར་བསྟན》སོགས་ཀྱི་བརྩམས་ཆོས་སྤེལ་བ་རེད།
ཀྲོའུ་ཡིའུ་ཀོང་།
དཔལ་འབྱོར་རིག་པ་མཁས་ཅན།
ཆུང་དུས་ཧྲང་ཧའེ་ཧྲེང་གཡོད་ཧན་སློབ་ཆེན་གྱི་དཔལ་འབྱོར་ཆེད་ལས་སུ་རྒྱུགས་འཕྲོད་པ་མ་ཟད། ཐོ་ཁེའོ་སློབ་ཆེན་དང་ཅིང་ཏུའུ་སློབ་ཆེན་དུ་སློབ་གཉེར་བྱས། ཕྱིས་སུ་ཤིན་ཧྭ་དངུལ་ཁང་དུ་ལས་བསྐོས་བརྒྱབ་ནས་ཨ་རི་དང་ཡོ་རོབ་ཏུ་མངགས། 1949ལོར་ཧྲང་ཧའེ་ལ་བཅིངས་འགྲོལ་བཏང་རྗེས་རྒྱལ་ནང་དུ་ལོག་ནས་ཧྥུའུ་ཏན་སློབ་ཆེན་དང་ཧྲང་ཧའེ་ནོར་དཔལ་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་བྱས།
རྒྱ་ཡིག་སྒྲ་སྦྱོར་གྱི་ཡབ་ཆེན།
ལོ་50ཙམ་ལ་ལས་སྒྱུར་བྱས། རྒྱལ་ཡོངས་ཀྱི་ཡི་གེ་སྒྱུར་བཅོས་གྲོས་ཚོགས་ལ་ཞུགས་རྗེས་རྒྱ་ཡིག་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དུ་བསྡད་པ་མ་ཟད།《རྒྱ་སྐད་ཀྱི་སྒྲ་སྦྱོར་རྣམ་གཞག》བཟོ་བའི་ལས་ལ་ཞུགས། ཕྱིས་སུ་རྒྱ་སྐད་ཀྱི་སྒྲ་སྦྱོར་དེ་རྒྱལ་ཡོངས་སློབ་ཆུང་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་གྱུར། 1982ལོར་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཀྱིས་འདེམས་ཤོག་འཕངས་ཏེ།《རྒྱ་སྐད་ཀྱི་སྒྲ་སྦྱོར་རྣམ་གཞག》དེ་རྒྱ་ཡིག་གི་ཚིག་འབྲུ་དེད་ནས་འབྲི་བའི་རྒྱལ་སྤྱིའི་ཚད་གཞིར་གཏན་འཁེལ་བྱས།