西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科普服务 > 科学原理 > 信息

保护海洋
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2022-09-09

6月8日是全国海洋宣传日和世界海洋日

·海洋相关的事实与数据

1.地球上的生命都超源于距今40亿年前的海洋中

2.海洋覆盖地球表面的近四分之三,占地球全部水资源的97%。 

3.超过30亿人的生计依赖于海洋和沿海的多种生物,捕鱼是其  主要的生活和商业活动。

4.目前已知的海洋生物有近20万种,预计实际的数量则可能要  成百上千万。

5.海洋吸收约30%人类活动产生的二氧化碳,缓冲着全球暖化的影响。

6.海洋是大气中水蒸气的主要来源,其蒸发量占地表总蒸发量  的84%。

7.海洋与大气之间有着复杂的相互作用,通过热量、动量、物质的交换,影响着全球气候。

8.海洋蕴藏着世界上最大的蛋白质资源,超过26亿人口,主要靠海洋为他们提供蛋白质。

9.全球多达40%的海洋被认为受到了人类活动的“严重影响”  包括污染、渔业耗竭、沿海栖息地的丧失。 

·海洋污染分类

1.石油及其产品

2.金属和酸、碱

3.农药

4.放射性物质

5.有机废液和生活污水

6.固体废物 

·保护海洋小提示

1.减少废油冲入下水道,将剩油用纸吸去后再洗

2.不用含磷洗衣粉

3.不随手把垃圾丢弃到海里或海边

4.不随手把过期药物等化学用品冲入下水道

5.减少洗漱、使用清洁剂等产生的生活污水

 



ཟླ་6ཚེས་8ཉིན་ནི་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དྲིལ་བསྒྲགས་ཉིན་མོ་དང་འཛམ་གླིང་གི་རྒྱ་མཚོའི་ཉིན་མོ་རེད།

·རྒྱ་མཚོའི་འབྲེལ་ཡོད་དོན་དངོས་དང་གཞི་གྲངས།

1.སའི་གོ་ལའི་སྟེང་གི་ཚེ་སྲོག་ཚང་མ་ལོ་ངོ་དུང་ཕྱུར་40ཙམ་གོང་དུ་རྒྱ་མཚོ་ནས་བྱུང་བ་ཞིག་རེད།

2.སའི་གོ་ལའི་ཕྱི་ངོས་ཀྱི་བཞི་ཆ་གསུམ་ཙམ་ནི་རྒྱ་མཚོ་ཡིན་པས་སའི་གོ་ལའི་ཆུའི་ཐོན་ཁུངས་ཡོངས་ཀྱི་97%ཟིན་ཡོད།

3.མི་གྲངས་དུང་ཕྱུར་30ལྷག་ཙམ་གྱི་ལྟོ་གོས་འབྱུང་ཁུངས་ནི་རྒྱ་མཚོ་དང་མཚོ་འགྲམ་གྱི་སྐྱེ་དངོས་སྣ་ཚོགས་ཡིན་ཞིང་། ཉ་འཛིན་པ་ནི་ཁོ་ཚོའི་འཚོ་བ་དང་ཚོང་ལས་ཀྱི་བྱེད་སྒོ་གཙོ་བོ་ཞིག་རེད།

4.མིག་སྔར་ཤེས་རྟོགས་ཐུབ་པའི་རྒྱ་མཚོའི་སྐྱེ་དངོས་རིགས་ཁྲི་20ཙམ་ཡོད་པ་དང་། ཚོད་དཔག་བྱས་ན། དངོས་ཡོད་ཀྱི་གྲངས་འབོར་གྲངས་ལས་འདས་པ་ཞིག་ཡོད།

5.རྒྱ་མཚོས་མིའི་རིགས་ཀྱི་བྱེད་སྒོ་ལས་ཐོན་པའི་དབྱང་གཉིས་ཐཱན་འགྱུར་30%ཙམ་བསྡུ་ལེན་བྱས་ཏེ་གོ་ལ་ཧྲིལ་པོ་དྲོ་འགྱུར་གྱི་ཤུགས་རྐྱེན་ཆུང་དུ་གཏོང་བཞིན་ཡོད།

6.རྒྱ་མཚོ་ནི་རླུང་ཁམས་ཆེན་པོའི་ནང་གི་ཆུ་རླངས་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། དེའི་རླངས་འགྱུར་བྱེད་ཚད་ཀྱིས་ས་ངོས་ཀྱི་རླངས་འགྱུར་བྱེད་ཚད་བསྡོམས་འབོར་གྱི་84%ཟིན་གྱི་ཡོད།

7.རྒྱ་མཚོ་དང་རླུང་ཁམས་ཆེན་པོའི་བར་དུ་རྙོག་འཛིང་ཆེ་བའི་གཅིག་ལ་གཅིག་བརྟེན་གྱི་ནུས་པ་ལྡན་ཡོད། དྲོད་ཚད་དང་། འགུལ་ཚད། དངོས་རྫས་བཅས་བརྗེ་སྒྱུར་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

8.རྒྱ་མཚོའི་ནང་དུ་འཛམ་གླིང་ཐོག་གི་སྤྲི་དཀར་ཐོན་ཁུངས་མང་ཤོས་ལྡན་ཡོད། མི་འབོར་དུང་ཕྱུར་26ལྷག་ཙམ་གྱིས་རྒྱ་མཚོར་བརྟེན་ནས་སྤྲི་དཀར་ལེན་གྱི་ཡོད། 

9.གོ་ལ་ཧྲིལ་པོའི་རྒྱ་མཚོ་40%ཙམ་ལ་མིའི་རིགས་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་མཚོར་སྦགས་བཙོག་ཐེབས་པ་དང་། ཉ་རིགས་ཉུང་དུ་སོང་བ། མཚོ་རྒྱུད་ཀྱི་འཚོ་སྡོད་ཁུལ་ཤོར་བ་སོགས་རེད།

རྒྱ་མཚོར་སྦགས་བཙོག་ཐེབས་པའི་དངོས་རིགས།

1.རྡོ་སྣུམ་དང་དེའི་ཐོན་རྫས།

2.ལྕགས་རིགས་དང་། སྐྱུར་ལྡན། བུལ་ཏོག

3.ཞིང་སྨན།

4.འགྱེད་འཕྲོའི་དངོས་པོ།

5.སྐྱེ་ལྡན་ཆུ་སྙིགས་དང་འཚོ་བའི་བཙོག་ཆུ།

6.མཁྲེགས་གཟུགས་ཟོག་རོ།

རྒྱ་མཚོར་སྲུང་སྐྱོང་བྱེད་པའི་དྲན་སྐུལ།

1.ས་འོག་ཆུ་མདོང་ནང་སྣུམ་སྙིགས་འབུད་ཚད་ཉུང་དུ་གཏོང་བ་དང་། སྣུམ་སྙིགས་ཡོད་ན། ཤོག་བུས་འཐེན་ནས་ཆུ་བཤལ་གཏོང་དགོས།

2.ལིན་ལྡན་འདག་ཕྱེ་སྤྱོད་མི་རུང་།

3.རྒྱ་མཚོ་དང་མཚོ་འགྲམ་དུ་གད་སྙིགས་གང་བྱུང་དུ་བསྐྱུར་མི་རུང་།

4.དུས་བཅད་ཡོལ་བའི་སྨན་རྫས་སོགས་རྫས་འགྱུར་དངོས་རྫས་གང་བྱུང་དུ་ས་འོག་ཆུ་མདོང་ནང་བསྐྱུར་མི་རུང་།

5.གདོང་བཀྲུས་པ་དང་འདག་རྫས་བེད་སྤྱད་པ་སོགས་ལས་བྱུང་བའི་འཚོ་བའི་བཙོག་ཆུ་ཉུང་དུ་གཏོང་དགོས།