西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology
当前位置:首页 > 科普服务 > 科学原理 > 信息

科学家的小故事(2)
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2022-09-08

德布罗意

·优秀的文科生

出生于法国塞纳河畔迪耶普的一个贵族家庭,是第五世德布罗意公爵的次子,18岁在巴黎索邦大学获得了历史学学士学位。 

·逆袭的物理学家

1914年一战爆发,他作为无线电通信兵服役6年,战后研究兴趣转向物理,1924年在巴黎索邦大学获得了物理学博士学位,其博士毕业论文中首次提出了“物质波”的概念,认为运动的实物粒子也有波粒二象性,开创  了量子力学的两种唯象理论之一  的波动力学,并于1929年获得了诺贝尔物理学奖。 

霍金

·平凡的“站立”

1942年出生于英国牛津,出生当天是伽利略逝世300周年忌日。童年时学业成绩不突出,喜欢设计复杂的玩具。1959年进入牛津大学并获得自然科学一等荣誉学位,转校剑桥大学研究宇宙学。 

·高傲的“坐姿”

21岁患上肌肉萎缩性侧索硬化症即运动神经细胞病,全身瘫痪,  只有三根手指可以活动,被医生断言只能活两年。1965年23岁时获得了剑桥博士学位,1973年发现了黑洞辐射。1985年因患肺炎被彻底剥夺了说话的能力,只能通过语音合成器来说话。1988年,他的科普著作《时间简史》问世,出版逾1000万册。

 



ཏེ་པུའུ་ལུའོ་དབྱི། 

ཕུལ་བྱུང་གི་རིག་གནས་ཚན་ཁག་གི་སློབ་མ།

ཧྥ་རན་སེའི་སེ་ནཱ་གཙང་འགྲམ་གྱི་ཏི་ཡེ་ཕུའུ་ཡི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་འཁྲུངས། དེ་ནི་ཏེ་པུའུ་ལུའོ་དབྱི་ཀུང་ཇོའི་བུ་གཉིས་པ་ཡིན། ལོ་བཅོ་བརྒྱད་ལ་སླེབས་སྐབས་ཕ་རི་སི་སུའོ་པང་སློབ་ཆེན་ནས་ལོ་རྒྱུས་རིག་པའི་སློབ་རམས་པའི་སློབ་གནས་ཐོབ། 

བསམ་ཚོད་ལས་འདས་པའི་དངོས་ལུགས་རིག་པ་མཁས་ཅན། 

1914ལོར་འཛམ་གླིང་དམག་ཆེན་དང་པོ་ལངས། ཁོང་སྐུད་མེད་གློག་འཕྲིན་དམག་མིའི་ངོས་ནས་ལོ་དྲུག་དམག་སྐུལ་དང་ལེན་བྱས། དམག་འཁྲུག་རྗེས་འདོད་མོས་ལྟར་དངོས་ཁམས་ལ་ཞིབ་འཇུག་བྱེད་འགོ་ཚུགས། 1924ལོར་ཕ་རི་སི་སུའོ་པང་སློབ་ཆེན་ནས་དངོས་ཁམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ཁོང་གི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ཁྲོད“དངོས་པོའི་རླབས”ཞེས་པའི་ཐ་སྙད་ཐོག་མར་བཏོན་པ་མ་ཟད། 1929ལོར་ནོ་པེར་དངོས་ཁམས་རིག་པའི་བྱ་དགའ་ཡང་ཐོབ།

ཧོ་ཅིན། 

·སྤྱིར་བཏང་གི“ལང་ཕྱོགས”

1942ལོར་དབྱིན་ཇིའི་ཉིའུ་ཅིན་དུ་འཁྲུངས། འཁྲུངས་པའི་ཉིན་ནི་ཅ་ལི་ལུའེ་གྲོངས་ནས་ལོ་300འཁོར་བའི་དྲན་གསོའི་ཉིན་མོ་རེད། བྱིས་པའི་དུས་སུ་སྦྱངས་འབྲས་མངོན་གསལ་དོད་པོ་མེད་པ་དང་། རྙོག་འཛིང་ཆེ་བའི་རྩེད་ཆས་ཇུས་འགོད་བྱ་རྒྱུར་དགའ། 1959ལོར་ཉིའུ་ཅིན་སློབ་ཆེན་དུ་ཚུད་ནས་རང་བྱུང་ཚན་རིག་གི་རིམ་པ་དང་པོའི་མཚན་སྙན་གྱི་སློབ་གནས་ཐོབ། ཅན་ཆའོ་སློབ་ཆེན་གྱི་འཇིག་རྟེན་རིག་པར་ཞིབ་འཇུག་ཆེད་ལས་སུ་བསྒྱུར། 

 ·ཉམས་དང་ལྡན་པའི“སྡོད་སྟངས” 

ལོ་21ལ་སླེབས་སྐབས་ཤ་གནད་ཁུམ་པའི་རང་བཞིན་གྱི་སྲ་འགྱུར་ནད་རྟགས་ཏེ། དེར་འགུལ་སྐྱོད་དབང་རྩའི་ཕྲ་ཕུང་གི་ནད་ཟེར་བ་དང་། དེ་ཕོག་ན་ལུས་ཡོངས་ཞ་ཁུམ་དུ་གྱུར་ནས་མཛུབ་མོ་གསུམ་ཁོ་ན་ལས་འགུལ་ཐུབ་ཀྱི་མེད། སྨན་པས་ལོ་གཉིས་མ་གཏོགས་གསོན་མི་ཐུབ་ཅེས་ཚིག་ཐག་བཅད། 1965ལོར་ལོ་23ལ་སོན་སྐབས་ཅན་ཆའོ་འབུམ་རམས་པའི་སློབ་གནས་ཐོབ། 1973ལོར་ནག་དོང་འགྱེད་འཕྲོ་རྙེད། 1985ལོར་གློ་ཚད་ཕོག་ནས་སྨྲ་བརྗོད་ཀྱི་ནུས་པ་ཉམས་པས་སྐད་གདངས་འདྲེས་གྲུབ་ཡོ་ཆས་ལ་བརྟེན་ནས་སྐད་ཆ་ཤོད་རྒྱུ་ལས་མ་འདས། 1988ལོར་ཁོང་གིས་བརྩམས་པའི་ཚན་རིག་ཁྱབ་གདལ་སྐོར་གྱི་རྩོམ་ཡིག《ཡུལ་དུས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། ད་བར་དེབ་ཁྲི་1000ལྷག་ཙམ་དཔེ་སྐྲུན་བྱས་པ་རེད།