日常喝奶六大误区
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།
发布时间:2022-10-14
1.འོ་མ་ག་ཚོད་མང་བ་འཐུང་ན་ཕན་ནུས་ཀྱང་དེ་བས་ཆེ་བ་ཟེར་བ།
བཟའ་བཅའ་གཞན་དག་དང་འདྲ་བར། འོ་མ་འཐུང་མང་དྲགས་ན་ཤ་རྒྱགས་པ་ཆགས་པ་དང་། ཚད་ལོངས་པའི་ཚིལ་སྐྱུར་མང་དྲགས་པ། མཁལ་མའི་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་བདེ་ཐང་གི་མངོན་མེད་རྐྱེན་ངན་ཐོན་གྱི་ཡོད། ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན(2016ལོའི་པར་གཞི)ནང་ཀྲུང་གོའི་གྲོང་མིས་ཉིན་རེར་གཤེར་གཟུགས་ཀྱི་འོ་མ་ཁེ་300དང་མཚུངས་པའི་དཀར་ཆུའི་ཐོན་རྫས་འཐུང་དགོས་པའི་འོས་སྦྱོར་བྱས་ཡོད། འོན་ཀྱང་དེས་ཉིན་ལྟར་ངེས་པར་དུ་ཁེ་300འཐུང་དགོས་པ་མཚོན་གྱི་མེད། སྐབས་འགར་ཁེ་200འམ་ཡང་ན་ཁེ་400བཏུང་ན་འགྲིག
2.ཁོག་པ་སྟོང་པར་འོ་མ་འཐུང་རྒྱུ་མེད་ཟེར་བ།
ཁོག་པ་སྟོང་པར་འོ་མ་འཐུང་རྒྱུ་མེད་ཅེས་ཟེར་དོན་གཙོ་བོ་ནི་མི་ཁག་གཅིག་ལ“འོ་མའི་མངར་ཆ་མི་འཕྲོད་པའི”གནས་ཚུལ་ལྡན་པར་སེམས་ཁྲལ་བྱེད་པ་དང་། འོ་མ་བཏུངས་རྗེས་གྲོད་ཁོག་སྦོས་པ་དང་ཐ་ན་གྲོད་པ་ན་བ་དང་བཤལ་བ་སོགས་ཀྱི་གནས་ཚུལ་ཐོན་སྲིད། སྔོན་ལ་ཟས་རིགས་གཞན་དག་བཟས་རྗེས་འོ་མ་བཏུངས་ཚེ་མི་བདེ་བའི་ཚོར་སྣང་ཆུང་དུ་འགྲོ་ཐུབ་པ་དང་། ཐད་ཀར་འཇུ་བདེའི་འོ་མ་བཏུང་ནའང་འགྲིག འོ་མའི་མངར་ཆ་མི་འཕྲོད་པ་མེད་ཚེ་ཁོག་པ་སྟོང་པར་འོ་མ་བཏུང་ནའང་འགྲིག
3.དགོང་མོ་འོ་མ་འཐུང་ན་གཉིད་ལ་ཕན་པ་ཡོད་ཟེར་བ།
མི་ཁག་གཅིག་གིས་འོ་མའི་ནང་མདོག་ཨེམ་སྐྱུར་དང་། འཚོ་བཅུདB6དང་། ཀལ་སོགས་གཉིད་ལ་ཕན་པའི་གཞི་རྒྱུ་འདུས་པས། འོ་མ་བཏུང་ན་གཉིད་ཁུག་པར་ཕན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་མདོག་ཨེམ་སྐྱུར་དེ་འདུས་ཚད་ངེས་ཅན་ཞིག་ལོན་ཚེ་གཞི་ནས་གཉིད་ཁུག་པར་ཕན་གྱི་ཡོད། འོ་མ་ཕོར་པ་གང་གི་མདོག་ཨེམ་སྐྱུར་འདུས་ཚད་ལ་ཚད་ཡོད་པས་གཉིད་ཁུག་པར་ཕན་ཐོགས་མེད།
4.འོ་མ་དང་ཤིང་ཏོག་ཁུ་བ་བསྲེས་ནས་འཐུང་མི་ཉན་ཟེར་བ།
ཐོག་མར་སྔོ་ཚལ་དང་ཤིང་ཏོག་ཁྲོད་ཀྱི་སྐྱུར་གཤིས་དངོས་པོ་མང་ཆེ་བ་སྐྱེ་ལྡན་སྐྱུར་ཡིན། དཔེར་ན་ཀུ་ཤུའི་སྐྱུར་དང་ལེ་མོན་སྐྱུར་སོགས་ལྟ་བུ་ཀལ་དང་ཞུ་དཀའ་བའི་འདྲེས་འགྱུར་རྫས་གྲུབ་མི་ཐུབ་པས་ཀལ་རྒྱུ་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཏན་ཉིང་གི་འདུས་ཚད་མཐོ་བའི་ཤིང་ཏོག་ཁག་གཅིག་གིས་འོ་མའི་ནང་གི་སྤྲི་དཀར་འདུས་ཚད་དམའ་རུ་གཏོང་བ་ལས། ཤིང་ཏོག་མང་ཆེ་བ་འོ་མ་དང་མཉམ་དུ་བཏུང་ན་གཟུགས་པོ་བདེ་ཐང་ལ་ཤུགས་རྐྱེན་ཅི་ཡང་ཐེབས་ཀྱི་མེད།
5.ཀལ་རྒྱུ་འདུས་ཚད་མཐོ་བའི་འོ་མ་འཐུང་ན་ཀལ་གསབ་པའི་ཕན་འབྲས་ཆེ་ཟེར་བ།
འོ་མའི་ནང་ཀལ་རྒྱུ་འདུས་ཚད་མཐོ་བ་མ་ཟད་དེའི་ནང་གི་ཀལ་རྒྱུ་དང་སྤྲི་དཀར་གཉིས་དོ་སྙོམས་པོ་ཡོད། གལ་ཏེ་དེའི་ནང་ཀལ་རྒྱུ་ཉུང་ཙམ་བསྣན་ཚེ་དོ་སྙོམས་འདིར་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། ཀལ་རྒྱུ་མང་པོ་བསྣན་ཚེ་སྤྲི་དཀར་བརྟན་པོ་མེད་པར་གྱུར་ནས་སྤྲི་དཀར་བསྙིགས་ནས་བྲོ་བ་དང་འཚོ་བཅུད་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན་འོ་མའི་ནང་ཀལ་རྒྱུ་སྣོན་པ་ནི་ལག་རྩལ་གྱི་དཀའ་ཚད་ཤིན་ཏུ་ཆེ་བའི་བཟོ་རྩལ་ཞིག་ཡིན་པས། མང་པོ་བསྣན་ཚེ་ཡག་པོ་མེད།
6.དྭངས་གསལ་ཐུམ་སྒྲིལ་བརྒྱབ་པའི་འོ་མ་དེ་བས་སོས་པ་ཡོད་ཟེར་བ།
དྭངས་གསལ་ཐུམ་སྒྲིལ་ནི་ཚོང་གཉེར་གྱི་ཐབས་ཇུས་ཤིག་ཡིན་ཞིང་། མི་རྣམས་ཀྱིས“མཐོང་ཐུབ་པ”ནི་དེ་བས་སོས་པ་དང་དེ་བས་བློས་འཁེལ་ཐུབ་པ་ཞིག་རེད་སྙམ་གྱི་ཡོད། དོན་དམ་པར་དྭངས་གསལ་ཐུམ་སྒྲིལ་ནི་འོ་མ་ཉར་ཚགས་བྱ་རྒྱུར་ཕན་པ་མེད། དེའི་རྒྱུ་མཚན་ནི་འོ་མའི་ནང་གི་སྤྲི་དཀར་དང་འཚོ་རྒྱུ་སོགས་འོད་འགོག་ཉར་ཚགས་བྱེད་དགོས་པས། དྭངས་གསལ་ཐུམ་སྒྲིལ་གྱིས་འོ་མར་འོད་ཕོག་ནས་སྤུས་ཚད་འགན་ལེན་དུས་ཡུན་ཐུང་དུ་འགྲོ་ཡི་ཡོད།