西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

您家孩子吃得够营养、够健康吗?(四)
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2022-09-27

image014.png

ལྟོ་ཆས་ཟ་སྐབས་དུས་ཚོད་ལ་དང་དོད་བྱེད་དགོས།

གཅིག ལྟོ་ཆས་ཟ་བའི་དུས་ཚོད་གཏན་འཇགས་བཟོ་དགོས།

སློབ་ལོ་ལོན་པའི་ཕྲུ་གུའི་ལྟོ་དུས་གསུམ་པའི་དུས་ཚོད་གཏན་འཇགས་ཡིན་པས། ལྟོ་དུས་གསུམ་པོར་འཚོ་བཅུད་སྙོམས་པོ་ཡོང་བ་བྱེད་པ་དང་སྣུམ་དང་ཚྭ་སོགས་སྨན་སྣ་ཉུང་ཙམ་བྱེད་དགོས།

གཉིས། ཞོགས་ཟས་ནི་ཧ་ཅང་གལ་ཆེན་པོ་ཡིན་པ།

ཞོགས་ཟས་མ་བཟས་ཚེ་ཕྲུ་གུའི་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་ཆགས་སྲིད་པ་མ་ཟད། རྙིང་ཚབ་གསར་འབྱེད་ཀྱི་ནད་གཞི་གཞན་དག་ཕོག་པའི་ཉེན་ཁ་དེ་བས་ཆེ་རུ་འགྲོ་ཡི་ཡོད། ཞོགས་ཟས་ཡག་པོ་བཟས་ཚེ་འཇུ་བྱེད་མ་ལག་དང་དབང་རྩའི་མ་ལག་སོགས་ལའང་ཕན་ཐོགས་ཡོད།

གསུམ། དགོང་ཟས་རྗེས་ལྟོ་སྣོན་ཟ་རྒྱུ་མེད།

སྤྱིར་ན་དགོང་ཟས་རྗེས་ད་དུང་ལྟོ་སྣོན་བཟས་ན་ཕྲུ་གུའི་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་རྒྱགས་པ་ཆགས་སྲིད་པས་དགོང་ཟས་ཡག་པོ་ཟོས་རྗེས་ཕྲུ་གུར་ལྟོ་སྣོན་སྟེར་རྒྱུ་མེད།

བཞི། མ་ཉལ་གོང་འོ་མ་འཐུང་རྒྱུ་མེད།

ལོ་1རྗེས་ཀྱི་ཕྲུ་གུར་མ་ཉལ་གོང་ཨ་མའི་འོ་མ་ཕུད་པའི་འོ་མ་གཞན་དག་སྟེར་རྒྱུ་མེད། མ་ཉལ་གོང་འོ་མ་བཏུངས་ཚེ་གཉིད་ལ་སྐྱོན་རྒྱག་གི་ཡོད་ལ། སོའི་བདེ་ཐང་ལའང་གནོད་ཀྱི་ཡོད། ད་དུང་འཚོ་བཅུད་ཀྱི་གྲུབ་ཆ་ལྟོས་བཅས་ཀྱིས་ཚད་ལས་བརྒལ་གྱི་ཡོད།