西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

银巴
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2018-06-25

 

 

     多年从事《四部医典》全文检索系统的开发和研制、藏族古代历算学资料整理研究和《雪域藏医历算大典》的编撰工作,在天文历算研究和服务社会工作中发挥了重要作用。

     先后编著《三十年藏历》等多部论著。兼任青海藏医学院、西南民族大学、蒙古国阿托奇曼然巴大学客座教授,自治区天文历算研究所所长。

     获得“西藏自治区科技进步一等奖”1项,2014年授予“西藏自治区优秀科技工作者”荣誉称号。


 ལོ་མང་རིང་།《 རྒྱུད་བཞིའི་》ནང་དོན་ཆ་ཚང་ཡོད་པའི་འཚོལ་བཤེར་མ་ལག་གསར་སྤེལ་དང་ཞིབ་བཟོ་བྱེད་པའི་ལས་དོན་ནང་ཞུགས་ཤིང་།  བོད་ཀྱི་གནའ་རབས་སྐར་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་ཞིབ་འཇུག་དང་།《 གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོའི》རྩོམ་སྒྲིག་ལས་དོན་གྱི་ནང་དུའང་བཞུགས། གནམ་རིག་སྐར་རྩིས་ཞིབ་འཇུག་དང་སྤྱི་ཚོགས་ཞབས་འདེགས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།

སྔ་རྗེས་སུ་《 ལོ་ངོ་སུམ་ཅུའི་བོད་ཀྱི་ལོ་ཐོ》ལ་སོགས་པའི་བརྩམས་ཆོས་མང་དག་ཅིག་རྩོམ་སྒྲིག་གནང་ཡོད་པ་དང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་། ལྷོ་ནུབ་མི་རིགས་སློབ་ཆེན། ཕྱི་སོག་རྒྱལ་ཁབ་ཀྱི་ཨ་ཐོར་ཆི་མན་རམ་པ་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ་དང་། རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་འགོ་འཛིན་བཅས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་ཡོད།  

“ བོད་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ”གཅིག་དང་།2014 ལོར་ “བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པའི”གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།