一是及时扶正,清除被浸泡植株叶片上的泥浆,同时及时清沟排水,以防止沤根,并适当培高畦面,挖深排灌沟,以防下一轮大雨的来袭。
二是注意防病害,可用农用链霉素防细菌性病害,用多菌灵防治真菌性病害。叶面喷施0.3%磷酸二氢钾,增强抵抗力。蔬菜大棚要及时通风换气,清除病株病叶,并修复受损设施和棚膜。
三是随水冲施生根壮苗剂和速效肥,促进根系的恢复和生长,对已经成熟或即将进入采收期的蔬菜及时组织抢收上市,减少损失。
四是对灾害导致不能上市、无价值的蔬菜要及时清理翻种,抢时间种植早熟、生育期短的叶菜类蔬菜,将损失降到最低。
གཅིག དུས་ཐོག་ཏུ་ཡོ་ཀྲོང་དགོས་ཤིང་། ཆུའི་ནང་སྦོང་བའི་སྡོང་རྐང་དང་ལོ་མའི་སྟེང་གི་འདམ་རྫབ་གཙང་མ་བཟོ་བ་དང་ཆབས་ཅིག ཡུར་བུ་བཤངས་ཏེ་རྩ་བ་མི་རུལ་པ་བྱེད་དགོས་པ་མ་ཟད། རྣང་མ་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་ཡུར་བུ་གཏིང་རིང་པོ་དྲུས་ནས་རྗེས་སུ་ཆར་པ་འབབ་པར་འགོག་ཟོན་བྱེད་དགོས།
གཉིས། ནད་འབུ་འགོག་དགོས་ཤིང་། ཞིང་སྤྱོད་སྨན་ལེན་མེ་སུའུ་བརྒྱབ་ནས་འབུ་ཕྲ་འགོག་པ་དང་སྨན་ཏུའུ་ཅུན་ལིན་བརྒྱབ་ནས་རླམ་སྲིན་འགོག་དགོས། ལོ་མར་ལིན་སྐྱུར་ཆིང་གཉིས་ཅཱ་0.3%གཏོར་ནས་འབུ་ཕྲ་འགོག་ཤུགས་ཆེ་རུ་གཏོང་དགོས། སྔོ་ཚལ་དྲོད་ཁང་ལ་རླུང་འགྲོ་ཡག་པོ་ཡོང་བར་བྱེད་པ་དང་སྡོང་རྐང་སྐམ་པ་དང་ལོ་མ་རྙིད་ན་དུས་ཐོག་ཏུ་བཀོག་དགོས་པ་མ་ཟད། སྐྱོན་ཤོར་བའི་སྒྲིག་བཀོད་དང་འགྱིག་ཤོག་རྡོལ་ཡོད་ན་ལམ་སེང་བརྗེ་དགོས།
གསུམ། མྱུ་གུ་དང་རྩ་བ་རྒྱས་པའི་སྦྱོར་རྫས་དང་མྱུར་ཐོན་རྫས་ལུད་ཆུ་དང་སྦྲགས་ཏེ་གཏོར་ནས་རྩ་ལག་སླར་གསོ་དང་སྐྱེ་འཚར་ཡོང་བར་སྐུལ་ཏེ། སྨིན་ཟིན་པའམ་ཡང་འཐུ་དུས་ལ་སླེབས་པའི་སྔོ་ཚལ་དུས་ཐོག་ཏུ་བསྡུས་ནས་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་དགོས།
བཞི། གནོད་འཚེ་ཕོག་ནས་ཁྲོམ་རར་འདོན་མ་ཐུབ་པ་དང་རིན་ཐང་མེད་པའི་སྔོ་ཚལ་དུས་ཐོག་ཏུ་གཙང་སེལ་དང་འདེབས་སློག་བརྒྱབ་སྟེ་སྔ་སྨིན་དང་འཚར་མགྱོགས་པའི་ལོ་ལྡན་སྔོ་ཚལ་དུས་ཚོད་དམ་འཛིན་གྱིས་བཏབ་ནས་གྱོང་གུན་ཕོག་ཚད་ཆུང་ཤོས་སུ་གཏོང་དགོས།