西藏自治区科学技术协会
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས།
Xizang Association For Science And Technology

花钱了,打药了,可虫子照吃不误,为啥?
རྒྱ་མཚོར་སྲུང་སྐྱོབ་བྱེད་པ།

发布时间:2024-06-26

下面咱简单谈谈正确的打药方法。

种植户一般是见虫才打药,甚至是虫多才治虫,这样即使能治住虫那也要花大力气。当虫害爆发时,玉米已受害严重,并影响到正常生长发育和最终产量。正确的做法应该是对虫情进行预测预报,以防为主,防治结合,把害虫灭杀在幼龄时。

打药时间出问题

有的虫只在夜间活动,白天很少出来危害作物,尤其是太阳出来后就自我封闭,如地老虎。如果你白天打药那效果肯定不会好。对这类虫,应在下午太阳落山后或夜间露水未上来之前打。

打药方法出问题

(1)有的虫迁飞能力很强,如蚜虫。如果种植户只顾自己打药,东家刚打完西家玉米上的虫又飞来了,效果很差。对这种迁飞能力很强的害虫应联防联治。

(2)有的虫在叶片背面危害,如红蜘蛛。如果你用普通喷雾器喷施那效果很差,即使用无人机也起不到好的效果。最好用迷雾机,迷雾机喷施就像烟一样,可以“喷施”到玉米叶片的各个角落。



གཤམ་ལ་སྨན་གཏོར་སྟངས་ཡང་དག་འགའ་བརྗོད་རྒྱུ་ཡིན།  

འདེབས་འཛུགས་དུད་ཚང་གིས་སྤྱིར་ན་འབུ་བརྒྱབ་པ་མཐོང་རྗེས་གཞི་ནས་སྨན་གཏོར་བ་དང་ཐ་ན་འབུ་མང་པོ་བརྒྱབ་ན་མ་གཏོགས་བཅོས་ཐབས་བྱེད་ཀྱི་མེད། དེ་འདྲ་བྱས་ན་འབུ་གནོད་སེལ་ཐུབ་པའི་དབང་དུ་བཏང་ནའང་ནུས་ཤུགས་ཆེན་པོ་འདོན་དགོས་འཁེལ་བ་ཏན་ཏན་རེད། འབུ་གནོད་ཐོན་སྐབས་མ་རྨོས་ལོ་ཏོག་ལ་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད། རྒྱུན་གཏན་གྱི་སྐྱེ་འཚར་དང་མཐའ་མའི་ཐོན་ཚད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། བྱེད་ཐབས་ཡང་དག་ནི་འབུ་གནོད་སྔོན་དཔག་ཐུབ་པ་བྱས་ཁར། སྔོན་འགོག་གཙོར་བཟུང་དང་འགོག་བཅོས་ཟུང་འབྲེལ་བྱས་ནས་འབུ་གནོད་ཆུང་དུས་ནས་སེལ་ཐུབ་པ་བྱེད་དགོས་པ་དེ་རེད། 

སྨན་གཏོར་བའི་དུས་ཚོད་ཐད་ལ་སྐྱོན་ལྷག་པ། 

འབུ་ལ་ལ་མཚན་མོར་དོན་པ་ལས་ཉིན་མོར་སྐྱེ་དངོས་ལ་གནོད་འཚེ་གཏོང་བར་དོན་ཉུང་ཉུང་རེད། ལྷག་པར་དུ་ཉི་མ་ཤར་རྗེས་ཕྱི་རུ་དོན་གྱི་མེད། དཔེར་ན་ས་འབུ་མགོ་སེར་ལྟ་བུའོ། གལ་ཏེ་ཁྱོད་ཀྱིས་ཉིན་མོ་སྨན་གཏོར་ན་ཕན་འབྲས་ཡག་པོ་ཐོན་མི་སྲིད། འབུ་འདི་རིགས་ལ་ཕྱི་དྲོ་ཉི་མ་ནུབ་རྗེས་སམ་མཚན་མོ་ཟིལ་པ་མ་འཁོར་གོང་སྨན་གཏོར་དགོས། 

སྨན་གཏོར་སྟངས་ཐད་ལ་སྐྱོན་ལྷག་པ། 

(1)འབུ་ལ་ལ་འཕུར་ནུས་ཧ་ཅང་ཆེ་བ་དཔེར་ན། ལྗང་ཟན་འབུ་ལྟ་བུ། གལ་ཏེ་འདེབས་འཛུགས་དུད་ཚང་གིས་རང་ཉིད་ཀྱི་སྔོ་ཚལ་ལ་མ་གཏོགས་སྨན་མ་གཏོར་ན།  ཁྱིམ་ཚང་ཤར་མས་སྨན་གཏོར་ཟིན་མ་ཐག་ཁྱིམ་ཚང་ནུབ་མའི་མ་རྨོས་ལོ་ཏོག་སྟེང་གི་འབུ་ཡང་འཕུར་ཡོང་བས་ཕན་འབྲས་དེ་ཙམ་ཡག་པོ་ཐོན་གྱི་མེད། དེས་ན་གནས་སྤོའི་ནུས་པ་ཧ་ཅང་ཆེ་བའི་གནོད་འབུ་དེ་རིགས་མཉམ་འགོག་མཉམ་བཅོས་བྱེད་དགོས། 

(2) འབུ་ལ་ལས་ལོ་མའི་རྒྱབ་ངོས་ལ་གནོད་འཚེ་གཏོང་བ་དཔེར་ན། སྡོམ་དམར་ལྟ་བུ། གལ་ཏེ་ཁྱོད་ཀྱིས་སྤྱིར་བཏང་གི་རླངས་གཏོར་རང་བཞིན་གྱི་སྨན་ཆུ་གཏོར་ན་ཕན་ནུས་ཡག་པོ་ཐོན་གྱི་མེད་ལ་མི་མེད་གནམ་གྲུས་སྨན་རྫས་གཏོར་ནའང་ཕན་ནུས་དེ་ཙམ་མེད། རབ་བྱུང་ན་སྨུག་རྡུལ་འཕྲུལ་ཆས་སྤྱད་ན་ཐབ་ཚང་ནང་དུ་བས་ཁེངས་པ་དང་འདྲ་བར་མ་རྨོས་ལོ་ཏོག་གི་ལོ་མའི་ཕྱོགས་གང་སར་ཁྱབ་ནས་གནོད་འབུ་གསོད་ཐུབ།