一、早防高温强光 棚室蔬菜长时间处于高温强光的环境条件下,易出现高温障碍、强光危害,如黄瓜茎蔓萎焉、番茄脐腐、甜椒日灼、豆角落花等。建议覆盖遮阳网、在棚膜上泼泥浆或墨汁、喷施降温剂等。此外,在高温强光条件下,由于昼夜温差过小,易引起植株徒长,建议喷施爱多收1500倍液加以调节。
二、防病灭虫 随着棚内温度升高,白粉病、病毒病等开始流行发生,要加以防范。建议,每5~7天喷施一次百菌清600倍液混链霉素3000倍液;防治瓜类、茄果类蔬菜白粉病,可用阿米妙收1500倍液喷施,抑制病毒病的发生与流行。
三、防药害避肥害 蔬菜处于高温强光下,自身新陈代谢加强,若此期喷施药剂、 喷肥量过大,极易造成叶片药害、激素中毒或伤根等。因此,要适当降低药剂施用浓度,冲肥时注意平衡施肥、配方施肥。
གཅིག དྲོད་པ་དང་འོད་ཆེན་པོ་མི་ཕོག་པ་བྱེད་དགོས། དྲོད་ཁང་ནང་གི་སྔོ་ཚལ་ཡུན་རིང་པོ་དྲོད་ཚད་མཐོ་པོ་དང་ཉི་འོད་དྲག་པོའི་འོག་གནས་སྐབས་སྐྱེ་འཚར་ལ་སྐྱོན་ཆེན་པོ་རྒྱག་གི་ཡོད། དཔེར་ན་ཧོང་ཀྭ་ཡི་ཡལ་ག་སྐམ་པ་དང་། ཀྲོ་མ་ཀྲུ་རུལ་བ། སུར་པན་མངར་མོ་འཚིག་པ། སྲན་མའི་གང་བུ་ཟགས་པ་སོགས་ལྟ་བུ་བྱུང་ཚེ་དྲོད་ཁང་ལ་ཉི་འགོག་དྲ་བ་གཡོགས་པ་དང་། འགྱིག་ཤོག་སྟེང་འདམ་ཁུའམ་སྣག་ཚ་བཤོ་བ། དྲོད་ཚད་གཅོག་སྨན་སྟོར་བ་སོགས་བྱས་ན་ཡག་པོ་ཡོད། གཞན་ཡང་དྲོད་ཚད་ཆེན་པོ་དང་ཉི་འོད་དྲག་པོ་བསྟན་སྐབས་སྔ་དགོང་གི་དྲོད་ཚད་ཧེ་བག་དེ་ཙམ་འགྲོ་ཡི་མེད་པས་ཞིང་སྨན་ཨའེ་ཏའོ་ཧྲོའུ་གཤེར་ཁུ་ཧའོ་ཧྲེང་1500ཙམ་སྟོར་དགོས།
གཉིས། ནད་དང་ནད་འབུ་འགོག་དགོས། དྲོད་ཁང་ནང་གི་དྲོད་ཚད་མཐོ་རུ་ཕྱིན་པ་དང་སྦྲགས་བཙའ་དཀར་ནད་སོགས་མང་པོ་མཆེད་ཀྱི་ཡོད་པས་དོགས་ཟོན་བྱེད་དགོས། ཉིན་ལྔ་ནས་བདུན་བར་ཞིང་སྨན་པའེ་ཅུན་ཆིངགཤེར་ཁུ་ཧའོ་ཧྲེང་600ཙམ་དང་ལེན་མེ་སུའུ་ཡི་གཤེར་ཁུ་ཧའོ་ཧྲེང་3000ཙམ་བསྲེས་ནས་སྟོར་ཏེ་ཀྭ་རིགས་དང་ཆེ་ཙིའི་རིགས་ཀྱི་སྔོ་ཚལ་སོགས་ལ་བཙའ་དཀར་ནད་མི་ཐོན་པ་བྱེད་དགོས་པ་དང་། ཞིང་སྨན་ཨ་སྨི་མེའོ་ཧྲོའུ་ཡི་གཤེར་ཁུ་ཧའོ་ཧྲེང་1500ཙམ་སྟོར་ཏེ་ནད་དུག་མ་ཐོན་པ་དང་མ་མཆེད་པ་བྱེད་དགོས།
གསུམ། ཞིང་སྨན་དང་ལུད་མང་དྲགས་རྒྱུ་མེད། དྲོད་ཚད་ཆེན་པོའི་འོག་སྔོ་ཚལ་གྱི་རྙིང་འདོར་གསར་ལེན་བྱེད་ཤུགས་ཆེ་རུ་འགྲོ་ཡི་ཡོད། གལ་ཏེ་དེའི་རིང་ཞིང་སྨན་དང་ལུད་མང་དྲགས་ན་འདབ་ལོར་སྨན་ནད་ཕོག་པ་དང་། སྐུལ་རྒྱུའི་དུག་ཕོག་པ། རྩ་བར་གནོད་པ་སོགས་ཀྱི་གནས་ཚུལ་ཐོན་སླ། དེས་ན་ཞིང་སྨན་འོས་འཚམ་སླ་རུ་གཏོང་དགོས་པ་དང་། ལུད་སྙོམས་པོ་རྒྱག་པ་དང་ལུད་སྦྱོར་སྡེབ་བྱས་ནས་རྒྱག་རྒྱུར་དོ་སྣང་བྱེད་དགོས།